དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབྱར་གསེང་འཚོ་བ་ཕུན་སུམ་ཚོགས། རི་གྲོང་བྱིས་པ་སྣང་བ་སྐྱིད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-23

    ཧྲན་ཏུང་ཞིང་ཆེན་ཙི་པོ་གྲོང་ཁྱེར་དབྱི་ཡོན་རྫོང་ཧྲི་ཆའོ་གྲོང་རྡལ་ཧེ་ཡ་གྲོང་ཚོ་ནི་རི་ཚོགས་ཀྱི་ཁྲོད་དུ་གནས་པས། གྲོང་ཚོའི་ནང་ཕྱིར་གླ་པར་སྐྱོད་མཁན་ཁྱིམ་བདག་མང་པོ་ཡོད་སྟབས། གུང་གསེང་རིང་ཕྲུ་གུར་ལྟ་རྟོག་བྱེད་མཁན་མེད་པ་ནི་ཁྱིམ་བདག་ཚོའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད། དེར་བརྟེན། ཧེ་ཡ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་ཚོའི་ཐོན་ཁུངས་གང་འགབ་ཅི་སྤྱོད་ཀྱིས་གྲོང་ཚོའི་གཞུང་ལས་ཁང་དང་ཚོགས་ཁང་སྒྱུར་བཀོད་དང་རིམ་པ་སྤར་ཏེ་སྤྱི་ཕན་བཅོལ་ཉར་སློབ་ཁང་བཙུགས་ནས། གསར་བརྗེའི་གཏམ་རྒྱུད་སྒྲོག་འགྲེལ་དང་། སྤྲོ་སྣང་ལྡན་པའི་ལུས་རྩལ། ཚན་རིག་ཁྱབ་གདལ་སོགས་ཀྱི་ཁྱད་ལྡན་སློབ་ཚན་བཀོད་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་དང་གཅེས་སེམས་མི་སྣ་ཧུར་ཐག་བསྡུས་ནས་དང་བླངས་ཞབས་ཞུའི་དཔུང་ཁག་བཙུགས་ཏེ། རི་གྲོང་གི་བྱིས་པ་ཚོའི་གུང་གསེང་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཞིང་། འདི་ནི་ཧེ་ཡ་གྲོང་ཚོར་དང་བླངས་པས(གཡོན་གྱི་གསུམ་པ)ཕྲུ་གུ་ཚོར་རི་མོ་འབྲི་སྟངས་ཟུར་ཁྲིད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།