ཧའེ་ནན་ཆུང་ཧའེ་རུ་ཧྥ་རན་སེའི་གསོ་རིག་སློབ་མས་དབྱར་གསེང་རིང་ཀྲུང་ལུགས་གསོ་རིག་སློབ་སྦྱོང་བྱས་པ།

འདི་ནི་2026ལོའི་ཟླ་7ཚེས་17ཉིན། ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་གཡོད་དབྱང་ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སྨན་ཁང་ཤུགས་རིག་པའི་ཚོད་ལྟ་ཁང་གི་ཀྲུའུ་རེན་ཀྲུའུ་ཆིང་ཀོང་གིས་ཧྥ་རན་སེའི་སློབ་མར་ཀྲུང་ལུགས་གསོ་རིག་གི་འཕུར་མཉེད་གཏོང་སྟངས་སློབ་བཞིན་པ།

འདི་ནི་2026ལོའི་ཟླ་7ཚེས་17ཉིན། ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་གཡོད་དབྱང་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སྨན་ཁང་གི་གསེར་ཁབ་ཁོའོ་གཉིས་པའི་ཀྲུའུ་རེན་གཞོན་པ་དང་སྨན་པ་བཀའ་བཅུ་པ་ཀྲོང་ཞའོ་ཅུན་གྱིས་ཧྥ་རན་སེའི་སློབ་མར་ཀྲུང་ལུགས་གསོ་རིག་སློབ་ཁྲིད་བྱེད་བཞིན་པ།
ཉེ་ཆར། ཧྥ་རན་སེའི་ལི་ཨང་སློབ་ཆེན་དང་པོ་དང་ཕ་རི་སིའི་ཤིས་ཏའེ་སློབ་ཆེན་སོགས་གསོ་རིག་སློབ་གླིང་དང་སློབ་གྲྭ་བཞི་ནས་ཡོང་བའི་གསོ་རིག་སློབ་མ་30ཡིས་ཧའེ་ནན་ཆུང་ཧའེ་ཡི་པོ་ཨའོ་ལེ་ཁྲེང་སྔོན་སྤེལ་ཁུལ་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་ཧའེ་ནན་རྒྱལ་སྤྱིའི་གསོ་རིག་ལྟེ་གནས་སུ་དབྱར་གསེང་གི་ལྟ་སྦྱོང་བྱས་ཤིང་། སློབ་མ་ཚོས་དགེ་རྒན་གྱི་མཛུབ་ཁྲིད་འོག་ཀྲུང་ཧྭའི་སྲོལ་རྒྱུན་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་དབྱིངས་ཞུགས་རྣམ་པའི་ཉམས་ལེན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།