དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཨའི་དམངས་ཁྲོད་འགྲོ་འོང་གི་ཆེད་དོན་རིག་གཞུང་བགྲོ་གླེང་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-23

    “ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་འཛུགས་པའི་ཁྲོད་ཀྱི་ཀྲུང་ཨའི་དམངས་ཁྲོད་འགྲོ་འོང་གི་གནས་བབ་དང་ནུས་པ”ཞེས་པའི་ཆེད་དོན་རིག་གཞུང་བགྲོ་གླེང་བྱེད་སྒོ་ཚེས་20ཉིན་པེ་ཅིང་དུ་སྤེལ་བ་དང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས“ཕྱིར་སྡོད་རང་མིའི་ལོ་རྒྱུས་རིག་དངོས་ནི་མངོན་སུམ་ཅན་དང་ཤེས་ཚོར་ཐུབ་པའི་ཀྲུང་ཨའི་མཛའ་མཐུན་གྱི་དཔང་པོ་ཞིག་ཡིན”ཞེས་པ་དང་། “ཕྱིར་སྡོད་སྤུན་ཟླའི་ལོ་བརྒྱའི་ལག་ལེན་གྱིས་ཀྲུང་ཨའི་དམངས་ཁྲོད་མཉམ་འགུལ་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད”“ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ནི་ཀྲུང་ཨའི་དམངས་ཁྲོད་འབྲེལ་ཐག་དམ་དུ་གཏོང་བའི་ཚབ་བྱེད་ཐབས་བྲལ་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད”སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་ཤིང་། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཝང་ལིང་ཀུའེ་བྱེད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བརྗོད་པ་རེད།

    ཝང་ལིང་ཀུའེ་ཡིས། ད་ཐེངས་ཀྱི་ཆེད་དོན་རིག་གཞུང་བགྲོ་གླེང་བྱེད་སྒོ་ནི་ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། རིགས་གཅིག་མཁས་ཅན་དང་མཁས་དབང་དང་མཉམ་དུ་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་རིག་སྟོབས་ལ་བརྟེན་ནས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་དམངས་ཁྲོད་ཕྱི་འབྲེལ་གྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ནུས་པ་དེ་བས་ཆེ་བ་འདོན་རྒྱུ་དང་། ཁྱབ་སྤེལ་ཐད་ཁ་ཕྱོགས་གཅིག་ལ་ཤུགས་བརྒྱབ་ནས་ཀྲུང་ཨའི་དམངས་ཁྲོད་མཛའ་མཐུན་གྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ། གཅིག་རྒྱུན་གཅིག་འཛིན་ཐད་སེམས་ནུས་གཅིག་སྒྲིལ་གྱིས་ཀྲུང་ཨའི་དམངས་ཁྲོད་མཛའ་མཐུན་བྱ་གཞག་ཆེད་སྟོབས་ཤུགས་གསར་པ་དེ་བས་མང་བ་སྐྱེད་སྲིང་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།