དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ཆེད་དོན་ཚན་ཁག་གི་མཉམ་འབྲེལ་ཚོགས་འདུ་དང་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-23

     ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྗོངས་ཡོངས་ཀྱི་སོལ་རླངས་དང་། ལས་གྲྭ་ཨར་སྐྲུན། སྡོད་ཁང་འཛུགས་སྐྲུན། གྲོང་ཁྱེར་གྱི་ཆུ་འབུད་དང་ཞོད་འགོག་སོགས་ཐད་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་སླར་ཡང་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སོལ་རླངས་སོགས་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་བདེ་འཇགས་ཀྱི་མཐའ་ཚད་སྲུང་བ། ལམ་ལུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། “ཏང་སྲིད་འགན་འཁྲི་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དང“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། ཁོངས་གཏོགས་དང་། ལས་རིགས། ཁེ་ལས། ལས་གནས་བཅས་ཕྱོགས་སོ་སོའི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། སོལ་རླངས་སྡེབ་སྐྱེལ་གྱི་ཚད་ལྡན་བླང་བྱ་དང་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ། མུ་མཐུད་མཐུན་སྦྱོར་ལྟ་འདོམས་དང་མཉམ་འབྲེལ་ཁྲིམས་སྒྱུར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏན་ཏན་ཏིག་ཏིག་གི་ལས་ཀའི་བྱ་ཐབས་ནུས་ལྡན་སྤྱད་ནས་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།