ས་མཐོའི་ནད་འགོག་བཅོས་ཀྱི་དྲ་རྒྱའི་ཆ་འཕྲིན་ཅན་གྱི་མ་ལག་དྲ་ཐོག་ཏུ་དངོས་སུ་སྤྱོད་འགོ་ཚུགས་པ།
ཉེ་ཆར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི་ཐོག་ས་མཐོའི་ནད་འགོག་བཅོས་ཀྱི་དྲ་རྒྱའི་ཆ་འཕྲིན་ཅན་གྱི་མ་ལག་དྲ་ཐོག་ཏུ་དངོས་སུ་སྤྱོད་འགོ་ཚུགས་ཡོད། མ་ལག་དེ་སྤྱད་པ་དེ་ཐོག་ནས་རང་ལྗོངས་ཀྱི་ས་མཐོའི་ནད་འགོག་བཅོས་ཆ་འཕྲིན་ཅན་དང་། ཚད་ལྡན་ཅན། ཁྱབ་ཁོངས་ཧྲིལ་པོ་ཅན་བཅས་ཀྱི་དུས་མཚམས་གསར་པར་དངོས་སུ་སླེབས་པ་མཚོན་ཡོད།
དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པའི་ཆ་འཕྲིན་ཅན་གྱི་མ་ལག་ནང་ཆུ་ཚོད་24རིང་དུས་ཐོག་ཏུ་ལྷན་འཛོམས་ནད་དཔྱད་དང་། ས་མཐོའི་ནད་བརྟག་སྨན་བཅོས་ཀྱི་གསོ་སྦྱོང་། ས་མཐོའི་གསོ་རིག་གི་སྒུལ་རྣམ་གསར་ཤོས་ཁྱབ་བསྒྲགས། ས་མཐོའི་ནད་ཚད་ལྡན་ཅན་གྱི་སྨན་བཅོས། ཚན་རིག་དང་མཐུན་པའི་ཞིབ་འཇུག ས་མཐོའི་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བཅས་ལྟེ་བའི་བྱེད་ནུས་ཆེན་པོ་དྲུག་གཅིག་ཏུ་འདུས་ཡོད། གྲངས་འཛིན་གྱིས་མཐུན་རྐྱེན་སྦྱོར་བ་བརྒྱུད་ས་ཁོངས་ཀྱི་བཀག་རྒྱ་རྦད་དེ་བསལ་ནས་ཐག་རིང་ལུང་ཁུག་རྫོང་ཁོངས་དང་གཞི་རིམ་འབྲོག་ཁུལ་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་འགྲམ་དུ་ཞིང་ཆེན་རིམ་པའི་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་སྦྲེལ་མཐུད་ཐུབ་ནས་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་ས་མཐོའི་ནད་ཀྱི་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུ་མ་ཟད། གཞི་རིམ་སྨན་དོན་པའི་ཆེད་ལས་འཇོན་ཐང་ཡང་རྒྱུན་མཐུད་ཆེ་རུ་ཕྱིན་ནས་གཞི་རིམ་གྱི་ས་མཐོའི་ནད་སྐྱོབ་བཅོས་ཀྱི་ཞན་ཆ་སེལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།