2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པ་ཟླ་8པའི་ཚེས་1ཉིན་འགོ་ཚུགས་རྒྱུ་ཡིན་པ།
ཉེ་ཆར། གསར་འགོད་པར་2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་1ནས་6ཉིན་བར། 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པ་ཉིང་ཁྲི་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་བཅས་སུ་གཉེར་རྒྱུ་ཡིན་ཞིང་། བྱ་དགའ་སྤྲོད་པའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་དུ་འཚོག་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་ནང་སྐྱེས་པའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་1བཀོད་སྒྲིག་བྱས་ཤིང་། འགྲན་བསྡུར་གྱི་སྤྱིའི་ལམ་ཐག་སྤྱི་ལེ་570.68ཟིན་པ་དང་། འགྲན་ལམ་དེ་རྒྱལ་ལམ་318དང་349རྒྱུད་དུ་བཀོད་སྒྲིག་བྱས་ནས་གྲོང་ཁྱེར་བཞི་འབྲེལ་མཐུད་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།