དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉམས་མྱོང་སྤེལ་རེས་བདེ་ཐང་གླེང་། བློ་སྒོ་ཕྱེ་ནས་འཕེལ་རྒྱས་བརྩོན།

    ​—— ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི་སྐུ་མགྲོན་ཚོས་ས་མཐོའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་སྐོར་ལྷུག་པོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-23

    བདེ་ཐང་ནི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རྨང་གཞི་ཡིན་ལ། སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་ཡོང་བའི་འགན་ལེན་ཡང་ཡིན།

    མིག་སྔར། ལྗོངས་ཡོངས་ཀྱི་ས་མཐོའི་སྨན་ཁང་གི་ཚན་རྩལ་གསར་གཏོད་ཐད་གྲུབ་འབྲས་གང་དག་ཐོབ་ཡོད་དམ། བོད་ལུགས་གསོ་རིག་ལ་ས་མཐོའི་ནད་གཞི་བརྟག་བཅོས་ཐད་ཐུན་མོང་མ་ཡིན་པའི་ལེགས་ཆ་གང་དག་ལྡན་ནམ། ས་མཐོ་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་མཉམ་སྒྲུབ་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ།

    ཀུན་གྱིས་དོ་ཁུར་བྱེད་པའི་ཁྱབ་ཁོངས་འདི་དག་ལ་དམིགས་ནས། ཉེ་ཆར་འཚོགས་པའི་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི“ས་མཐོའི་ལྗང་མདོག་བདེ་ཐང”གི་གྲལ་སྒོར་ཚོགས་འདུའི་ཐོག རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་མཉམ་དུ་འཛོམས་ཐོག་རང་ངོས་ཀྱི་ཞིབ་འཇུག་ཁ་ཕྱོགས་དང་ཉམས་མྱོང་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ་ནད་ཐོག་ལག་ལེན་དང་། མི་རིགས་གསོ་རིག རྨང་གཞིའི་ཞིབ་འཇུག ཤེས་ལྡན་པ་གསོ་སྐྱོང་། རྒྱལ་སྤྱིའི་མཉམ་ལས་སོགས་ཕྱོགས་མང་པོ་ནས་སོ་སོའི་ལྟ་བ་བརྗོད་པ་དང་། ཐབས་འདོན་ཇུས་འབུལ་བྱས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་བོད་ལྗོངས་ས་མཐོའི་གསོ་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་སྐལ་བཟང་ནོར་བུ་ནི་ཀྲུང་གོ་གསར་པའི་ནད་ཐོག་གསོ་རིག་ཆེད་ལས་ཀྱི་བོད་རིགས་འབུམ་རམས་པ་ཐོག་མ་ཡིན་ཞིང་། དུས་ཡུན་རིང་པོར་ས་མཐོའི་གསོ་རིག་གི་འཐབ་ས་དང་པོར་དོན་གཉེར་བྱེད། ཁོང་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་མཐོའི་གློ་བ་སྐྱ་རྦབ་ནད་དང་ཕྲ་ཕུང་དམར་པོ་འཕེལ་བའི་ནད་སོགས་ཐད་ཀྱི་ཞིབ་འཇུག་གྲུབ་འབྲས་མཉམ་སྤྱོད་བྱས་པ་རེད།

    “ས་མཐོའི་ནད་གཞིར་ཞིབ་འཇུག་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་ནི་ས་མཐོའི་མི་ཚོགས་ཀྱི་བདེ་ཐང་ཆུ་ཚད་འགན་ལེན་དང་མཐོ་རུ་གཏོང་རྒྱུ་དེ་རེད” ས་མཐོའི་རང་བྱུང་ཁོར་ཡུག་ཆེན་པོར་འགྱུར་ལྡོག་གཏོང་ཐབས་བྲལ་ཡང་། ཁོར་ཡུག་ཕྲ་རབ་ལེགས་བཅོས་བྱས་པ་བརྒྱུད་མིའི་གཟུགས་པོར་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་ཐུབ། དཔེར་ན་ད་ཆ་འཚོལ་ཞིབ་བྱེད་བཞིན་པའི“ས་མཐོའི་ནུས་མཚུངས་ས་བབ་དམའ་བའི་བཟོ་བཀོད”ལྟ་བུ་ནི་ཚོད་ལྟ་བྱེད་རིན་ཡོད་པའི་ཐབས་ལམ་གསར་པ་ཞིག་ཡིན།

    དོན་དངོས་ཐོག ཉེ་བའི་ལོ་ཤས་རིང་། འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་བ་བརྒྱུད་ཞན་ཆ་གང་མགྱོགས་སེལ་བ་དང་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་ས་མཐོའི་ནད་རིགས་གསོ་རིག་ལྟེ་གནས་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བས། བོད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པ། གྲོང་ཁྱེར་དང་གྲོང་གསེབ་ཀུན་ལ་ཁྱབ་པ་བཅས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རགས་ཙམ་གྲུབ་པ་དང་། ས་ཁུལ(གྲོང་ཁྱེར)རིམ་པའི“ཀ་པ་རིམ་པ་གསུམ་པའི”སྨན་ཁང་ཁྱོན་ཡོངས་ལ་ཁྱབ་པ། ས་མཐོའི་གསོ་རིག་ཁྱབ་ཁོངས་ཀྱི་བརྗེ་སྒྱུར་གསོ་རིག་ཞིབ་འཇུག་གི་གཙོ་གནད་ཚོད་ལྟ་ཁང་ཐོག་མ་བསྐྲུན་པ། ས་མཐོའི་ལུས་ཁམས་རིག་པ་དང་། ས་མཐོའི་ནད་རིགས་འགོག་བཅོས། ས་མཐོར་འཚམ་པའི་གསོ་རིག་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་བྱུང་ནས། སྨན་བཅོས་ཞབས་ཞུའི་འགན་སྲུང་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

    བོད་ལུགས་གསོ་རིག་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་ཡང་ཐེངས་འདིའི་གྲལ་སྒོར་ཚོགས་འདུའི་གྲོས་གཞི་གཙོ་བོ་ཞིག་རེད། བོད་ལུགས་གསོ་རིག་གི་ནད་ཐོག་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་ལས་ལ་གཞོལ་ནས་ལོ་60ལྷག་སོང་བའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་དང་རྒྱལ་སྨན་ལྷ་རྗེ་དགྲ་འདུལ་གྱིས“བོད་ལུགས་གསོ་རིག་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་ཁྲོད་ཀྱི་མཆོག་ནོར་ཞིག་ཡིན་ལ། ས་མཐོའི་མི་དམངས་ལོ་ངོ་སྟོང་ཕྲག་མང་པོ་འཚོ་གནས་ཐུབ་པའི་བདེ་ཐང་གི་འགན་ལེན་ཞིག་དེ་བས་ཀྱང་ཡིན”ཞེས་བརྗོད་པ་རེད།

    དགྲ་འདུལ་གྱིས་བརྗོད་དོན། “ཐ་མལ་ནད་མེད”འདུ་ཤེས་དང་ས་མཐོའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་མཉམ་འདྲེས་བྱས་པ་བརྒྱུད། ས་མཐོའི་རྒྱུན་ཐོན་ནད་རིགས་སྔ་ས་ནས་འགོག་བཅོས་བྱེད་པའི་ལམ་སྲོལ་འཛུགས་པ་དང་། རྒན་རྒོན་ཚོའི་ཀླད་སྙིང་ཁྲག་རྩ་དང་། རུས་ཚིགས། དབུགས་ལམ་མ་ལག་བཅས་ཀྱི་ནད་གཞི་འགོག་བཅོས་ཐད་ཀྱི་བོད་ལུགས་གསོ་རིག་གི་གསོ་བཅོས་བྱེད་ཐབས་སྤྱད་དེ་ས་མཐོའི་རྒན་རྒོན་གྱི་བདེ་ཐང་ཞབས་ཞུའི་མ་ལག་འཛུགས་པ། བོད་ལུགས་གསོ་རིག་གི་བདེ་ཐང་ཞབས་འདེགས་ཞུ་ཁོངས་དེ་སྦྲུམ་མ་གསོ་བཅོས་ནས་རྒན་རྒོན་གསོ་བཅོས་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་སྐུལ་འདེད་བཏང་ནས། རྒྱུན་མཐུད་ཅན་དང་རང་གཤིས་ཅན་གྱི་བདེ་ཐང་དོ་དམ་ཇུས་གཞིའི་བྱེད་ཐབས་ཆེན་པོ་གསུམ་མཁོ་འདོན་བཅས་བྱས་ནས། བོད་ལུགས་གསོ་རིག་གིས་ས་མཐོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་བྱ་གཞག་ཁྲོད་ནུས་པ་དེ་བས་མངོན་གསལ་དོད་པོ་འདོན་རྒྱུ་རེད།

    ནེ་པ་ལའི་པུའུ་ཐེ་ཝར་ལུམ་བི་ནི་ཞིང་ཆེན་སྨན་ཁང་གི་སྨན་དོན་དཔོན་དང་ནེ་པ་ལ་རྒྱལ་ཡོངས་སྨན་པའི་མཐུན་ཚོགས་ལུམ་པི་ནི་ཡན་ལག་མཐུན་ཚོགས་ཀྱི་དྲུང་ཡིག་དགེ་རྒན་ཆེ་མོ་སཱ་ཅར·ཉིའུ་ཕཱ་ནེ་ཡིས་ནེ་པ་ལའི་བོད་ལུགས་གསོ་རིག་གི་ས་མཐོའི་བདེ་ཐང་སྲུང་སྐྱོང་ཁྲོད་ཀྱི་བཀོལ་སྤྱོད་སྐོར་ལ་སྙན་ཞུ་བྱས་ཤིང་། ཁོང་གིས། ཧི་མ་ལ་ཡའི་མཐའ་འཁོར་རྒྱལ་ཁབ་ཁག་གིས་དེང་རབས་གསོ་རིག་དང་སྲོལ་རྒྱུན་གསོ་རིག་བསྡུ་སྒྲིལ་ཐད་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། ཐག་རིང་ལུང་ཁུག་ཏུ་སྨན་བཅོས་ལྟེ་གནས་ཧུར་ཐག་བཙུགས་ཏེ་ས་མཐོའི་དོས་དྲག་ནད་གཞིར་དུས་ཐོག་ཏུ་སྨན་བཅོས་བྱེད་པའི་འབོད་སྐུལ་བྱས་པ་རེད།

    སྤེལ་རེས་དང་དཔྱད་གཞིར་བཟུང་ནས་བདེ་ཐང་གླེང་། བསམ་ཕྱོགས་གསར་པ་བཏོན་ནས་འཕེལ་རྒྱས་དོན་གཉེར་བྱེད། གྲལ་སྒོར་ཚོགས་འདུ་འཚོག་ཡུལ་དུ། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས“ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ནས་རྒྱུན་འཛིན་དང་གསར་གཏོད་བྱས་ནས། ས་མཐོའི་ལྗང་མདོག་བདེ་ཐང་མཉམ་དུ་སྤྱོད་པའི”བརྗོད་དོན་གཙོ་བོར་དམིགས་ནས་དོན་དངོས་ལ་སྣང་ཆེན་དང་། གྲངས་གཞི་སྟོན་པ། གྲོས་འགོ་འདོན་པ་བཅས་བྱས་ཐོག་བརྗོད་དོན་གཙོ་བོའི་གཏམ་བཤད་དང་། རིག་གཞུང་ཧྲ་ལུང་། དཔེ་མཚོན་མཉམ་སྤྱོད་སོགས་ཀྱི་བྱ་ཐབས་བརྒྱུད། གཏིང་ཟབ་ཅིང་རྒྱང་ལྟའི་རང་བཞིན་དང་ལག་ལེན་རང་བཞིན་ལྡན་པའི་ལྟ་ཚུལ་ཡང་དག་མང་པོ་བཏོན་ནས། ས་མཐོའི་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་འཛུགས་པར་བློ་གྲོས་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།