དབུ་ཤོག
  • བུ་གསོའི་ཁ་གསབ་སྐོར་གྱི་ཆ་འཕྲིན་གསར་ཤོས་འདིར་མགྱོགས་པོ་གཟིཌ་དང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-07-22

    ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ནོར་སྲིད་པུའུ་ཡིས་བརྡ་ཐོ་བཀྲམ་སྟེ། 2022ལོ་ནས་2024ལོའི་བར་སྐྱེས་པའི་ཕྲུ་གུ་དམར་འབྱར་གྱི་བུ་གསོའི་ཁ་གསབ་ཐེངས་དང་པོ་ལེན་པའི་རེ་འདུན་ཞུ་བའི་དུས་ཚོད་2026ལོའི་ཟླ་12ཚེས་31བར་སྣུར་སྲིང་བྱས་པ་རེད། 

    ཆ་རྐྱེན་འཛོམས་པའི་ཕྲུ་གུ་དམར་འབྱར་ཡོད་ན། རེ་འདུན་ཞུ་མཁན་གྱིས་གཏན་འབེབས་ཀྱི་དུས་ཚོད་ནང་གཏོང་སྤྲོད་འབོ་དང་། སྐད་འཕྲིན། ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཞུ་ལས་སྟེགས་བཅས་ཀྱི་བུ་གསོའི་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་ནས“2022ལོ་ནས་2024ལོའི་བར་གྱི་རེ་འདུན་གྱི་དུས་ཚོད་སྣུར་སྲིང་བགྲོད་ལམ”བརྒྱུད་གོ་རིམ་བཞིན་བུ་གསོའི་ཁ་གསབ་རེ་འདུན་ཞུ་ཆོག 

    བུ་གསོའི་ཁ་གསབ་ཀྱི་ཆ་འཕྲིན་དོ་དམ་མ་ལག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། 2026ལོར“མཐེབ་མནན་མཐུད་ལེན”ཞེས་པའི་བྱེད་ནུས་གསར་པས། མང་ཚོགས་ཀྱིས་མུ་མཐུད་ཁ་གསབ་ལེན་པའི་རེ་འདུན་གྱི་གོ་རིམ་སྟབས་བདེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།