དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨུ་རུ་སུའི་ཕྱི་འབྲེལ་པུས་བསྟན་དོན།

    རི་པིན་གྱིས་ཞི་བདེའི་རྩ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་འཛམ་གླིང་དམག་ཆེན་གཉིས་པའི་མཇུག་འབྲས་ཕྱོགས་ཡོངས་ནས་ཁས་ལེན་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-22

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས། རི་པིན་གྱིས་ཞི་བདེའི་རྩ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་འཛམ་གླིང་དམག་ཆེན་གཉིས་པའི་མཇུག་འབྲས་ཕྱོགས་ཡོངས་ནས་ཁས་ལེན་བྱེད་དགོས་ཞེས་བརྗོད།

    ཀྲ་ཧ་ལུའོ་ཝ་ཡིས་ཡིག་ཐོག་ནས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བཏོན་པའི་དྲི་བར་ལན་འདེབས་སྐབས། རི་པིན་ཕྱོགས་ཀྱིས“སླར་ཡང་དམག་དོན་ཅན”ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་དམག་དོན་བྱེད་སྒོ་སྤེལ་ཡུལ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བའི་ཐད་ཨུ་རུ་སུ་ཕྱོགས་ཀྱིས་དོ་ཁུར་ཟབ་མོ་བྱེད་ཀྱི་ཡོད་ཅེས་བརྗོད།

    ཀྲ་ཧ་ལུའོ་ཝ་ཡིས། ད་དུང་ཨུ་རུ་སུ་ཕྱོགས་ཀྱིས་རི་པིན་གྱིས་ཨུ་ཀྲུང་མཉམ་འབྲེལ་དམག་སྦྱོང་ལ་བསམ་འཆར་བཏོན་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ནང་སྦྱོང་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཡོངས་སུ་མཐུན་པ་ཞིག་རེད་ཅེས་བརྗོད་པ་རེད།ཨུ་རུ་སུའི་ཕྱི་འབྲེལ་པུས་བསྟན་དོན།

    རི་པིན་གྱིས་ཞི་བདེའི་རྩ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་འཛམ་གླིང་དམག་ཆེན་གཉིས་པའི་མཇུག་འབྲས་ཕྱོགས་ཡོངས་ནས་ཁས་ལེན་བྱེད་དགོས།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས། རི་པིན་གྱིས་ཞི་བདེའི་རྩ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་འཛམ་གླིང་དམག་ཆེན་གཉིས་པའི་མཇུག་འབྲས་ཕྱོགས་ཡོངས་ནས་ཁས་ལེན་བྱེད་དགོས་ཞེས་བརྗོད།

    ཀྲ་ཧ་ལུའོ་ཝ་ཡིས་ཡིག་ཐོག་ནས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བཏོན་པའི་དྲི་བར་ལན་འདེབས་སྐབས། རི་པིན་ཕྱོགས་ཀྱིས“སླར་ཡང་དམག་དོན་ཅན”ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་དམག་དོན་བྱེད་སྒོ་སྤེལ་ཡུལ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བའི་ཐད་ཨུ་རུ་སུ་ཕྱོགས་ཀྱིས་དོ་ཁུར་ཟབ་མོ་བྱེད་ཀྱི་ཡོད་ཅེས་བརྗོད།

    ཀྲ་ཧ་ལུའོ་ཝ་ཡིས། ད་དུང་ཨུ་རུ་སུ་ཕྱོགས་ཀྱིས་རི་པིན་གྱིས་ཨུ་ཀྲུང་མཉམ་འབྲེལ་དམག་སྦྱོང་ལ་བསམ་འཆར་བཏོན་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ནང་སྦྱོང་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཡོངས་སུ་མཐུན་པ་ཞིག་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།