ཀྲུང་གོའི་སྐམ་འབྲས་པ་པ་ཏོ་སིར་སྔར་བས་ཁྱབ་གདལ་རྒྱ་ཆེར་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུའི་ཀྲི་ཐོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་སྐམ་འབྲས་ཀྱི་དུས་ཐེངས་གསུམ་པའི་གཞི་ཁྱོན་ཅན་གྱི་ཚོད་འདེབས་བཙས་མ་རྔ་འགོ་ཚུགས་པའི་མཛད་སྒོ་པ་པ་ཏོ་སིའི་དབུས་རྒྱུད་ཀྱི་སུང་ཧྲུའུ་ཕེན་ཏིར་འཚོགས་པ་ལས་ཀྲུང་གོའི་རྒྱུད་འདྲེས་སྐམ་འབྲས་རྒྱལ་ཁབ་དེར་ཚོད་ལྟའི་དཔེ་སྟོན་སྔར་བས་ཁྱབ་གདལ་རྒྱ་ཆེར་བཏང་བ་མཚོན་ཡོད། པ་པ་ཏོ་སི་ཞིང་ལས་དང་། བཟའ་བཅའ། འཚོ་བཅུད་བཅས་ཀྱི་བདེ་འཇགས་པུའུ་ཀྲང་ཧྲང་ཐར·མང་ལུའོ—ནེ་ཐེས། པ་པ་ཏོ་སི་ཡིས་ཀྲུང་གོ་ཕྱོགས་དང་དུས་ཡུན་རིང་པོར་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཞིང་ལས་དངོས་སྒྲུབ་མཉམ་ལས་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་འབྲེལ་ཡོད་གྲུབ་འབྲས་ཀྱིས་ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ལ་ཕན་པ་ཐོབ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།