དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་བློ་འདྲི་ཨུ་ལྷན་གྱིས་2026ལོའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-22

    ཚེས་17ཉིན། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་བློ་འདྲི་ཨུ་ལྷན་གྱི་2026ལོའི་ཚོགས་འདུ་ཤིན་ཅང་ཝུའུ་ལུའུ་མུའུ་ཆིར་འཚོགས་ཤིང་། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་དང་བློ་འདྲི་ཨུ་ལྷན་གྱི་སྐོང་བསྡུ་བ་མཱ་ཁྲའོ་ཤུས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། ཨེ་ཅིབ་ཀྱི་ཙུང་ལི་ཟུར་པ་ཧྲ་ལ་ཧྥུའུ་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཟུར་པ་ཁཱ་ཁར་སོགས་ཨུ་ཡོན་ཚོགས་འདུར་ཞུགས་པ་རེད།

    མཱ་ཁྲའོ་ཤུས་ཀྱིས་བརྗོད་དོན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་ལས་སྟེགས་ཤིག་རེད། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱབ་ལྗོངས་ཆེན་པོའི་འོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཐད་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁག་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་མཉམ་འདྲེས། མི་ཆོས་རིག་གནས་སྤེལ་རེས་བཅས་ཟབ་ཏུ་གཏོང་རྒྱུར་གཞོལ་ནས་ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ནི་རྒྱལ་ཁབ་མཉམ་སྐྲུན་གྱི་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་ཞིག་ཡིན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་ཕྱིན་པ་དེས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཆ་རྐྱེན་བཟང་པོ་བཏོད་ཡོད། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ་གོ་སྐབས་དམ་འཛིན་དང་འགྲན་སློང་ལ་ཁ་གཏད་བཅག་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།