“ཁང་པ་ཡག་པོ”འཛུགས་སྐྲུན་གྱི་ཕྱོགས་སྟོན་ཐད་སླར་ཡང་བསམ་འཆར་བསྡུ་ལེན་བྱས་པ།
གསར་འགོད་པས་སྡོད་ཁང་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱས་པར། ད་ལོའི་ཟླ་3པར་སྤྱི་ཚོགས་ནས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པའི《“ཁང་པ་ཡག་པོ”འཛུགས་སྐྲུན་གྱི་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)(བསམ་འཆར་བསྡུ་ལེན་མ་ཟིན)》ལ་འབྲེལ་ཡོད་བཟོ་བཅོས་བརྒྱབ་རྗེས་ཉེ་ཆར་སླར་ཡང་སྤྱི་ཚོགས་ནས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད།
པར་གཞི་གསར་པའི་བསམ་འཆར་བསྡུ་ལེན་མ་ཟིན་དེ“ཁང་པ་ཡག་པོའི”ནང་དོན་དང་ལག་བསྟར་ཐབས་ལམ་དང་། ཡུན་རིང་བདེ་འཇགས། སྐྱིད་སྣང་དོད་པ། ལྗང་མདོག་ཐཱན་ཉུང་། རིག་ནུས་སྟབས་བདེ་བཅས་ཁག་ཆེན་པོ་ལྔ་ལ་དབྱེ་ཡོད་པ་དང་། དུས་རབས་གསར་པའི“ཁང་པ་ཡག་པོའི”བདེ་འཇགས་དང་། སྐྱིད་སྣང་། ལྗང་མདོག རིག་ནུས་བཅས་ཀྱི་ལྟེ་བའི་ནང་དོན་ཆེན་པོ་བཞི་གོ་རིམ་ལྡན་པའི་ངང་གཏན་འཁེལ་བྱས་ནས་སྡོད་ཁང་འཆར་འགོད་དང་། ཇུས་འགོད། བཟོ་སྐྲུན། བཀོལ་སྤྱོད་བདག་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་སྟེ་ཚད་གཞི་འཐུས་ཚང་དང་། ཇུས་འགོད་ཞིབ་ཚགས། རྒྱུ་ཆ་ལེགས་འདེམས། བཟོ་སྐྲུན་ཞིབ་ཚགས། བཀོལ་སྤྱོད་བདག་སྐྱོང་གི་ཕན་ནུས་ཆེར་གཏོང་སོགས་ཀྱི་ལག་བསྟར་ཐབས་ལམ་ཁ་གསལ་བཟོས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། པར་གཞི་གསར་པའི་ནང་དོན་དེ་བས་མང་ཚོགས་ཀྱི་སྡོད་གནས་ཀྱི་དཀའ་གནད་ལ་དམིགས་ཏེ་གནས་ཡུལ་གྱི་གྲུབ་ཆའི་བདེ་འཇགས་དང་། ཁང་པའི་ནང་གི་བདེ་ཐང་ཁོར་ཡུག ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་ལག་རྩལ། རིག་ནུས་ཁུལ་ཆུང་དང་རིག་ནུས་ཁྱིམ་སྡོད་སོགས་ཀྱི་ཐད་ནས་ལག་རྩལ་གྱི་བླང་བྱ་ཞིབ་ཕྲ་བཟོས་ཏེ་རྒན་གཞོན་གཉིས་ཀར་འཚམ་པ་དང་། ལོ་ན་རྒན་གཞོན་ཚང་མ་མཛའ་མཐུན། མདོང་ལམ་དང་གློག་སྐུད་ལོགས་དབྱེ། བར་མཐོངས་འགྱུར་ཆོག་པ་སོགས་མི་གཤིས་ཅན་གྱི་ཇུས་འགོད་ལ་བསམ་བློ་བཏང་ནས་སིམ་ཟག་དང་། སྒྲ་འགོག་ནུས་པ་ཞན་པ། ནུས་རྒྱུ་ཟད་གྲོན་ཆེ་བ་སོགས་དམངས་འཚོའི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།