པར་རིས་གསར་འགྱུར།

ཚ་གདུག་ཆེ་སྒང་ལ། སི་ཁྲོན་ཞིང་ཆེན་ནེ་ཅང་གྲོང་ཁྱེར་ཏུང་ཤིང་ཆུས་དབྱང་ཅ་གྲོང་རྡལ་ཅིན་དབྱིན་ཙུའེ་གྲོང་ཚོར་ཡུལ་མི་ཚོས་གནམ་གཤིས་དྭངས་སྐབས་ཤིང་ཏ་ལའི་ལོ་མ་ཉི་སྐམ་བཏང་ནས་རླུང་གཡབ་བཟོ་བའི་ལས་ལ་བྲེལ་བཞིན་ཡོད། ས་གནས་དེ་གས་ཡུལ་བབ་དང་བསྟུན་ནས་ཤིང་ཏ་ལ་འདེབས་འཛུགས་དང་ཤིང་ཏ་ལའི་ལོ་མའི་ལས་སྣོན་ལས་རིགས་འཕེལ་རྒྱས་བཏང་སྟེ། མུའུ་6000ལྷག་ཙམ་ཟིན་པའི་ཤིང་ཏ་ལའི་འདེབས་འཛུགས་རྟེན་གཞི་བསྐྲུན་ཞིང་ལོར་ཤིང་ཏ་ལའི་ལོ་མའི་རླུང་གཡབ་ཁྲི་500ལྷག་ཙམ་ལས་སྣོན་ཐོན་སྐྱེད་བྱས་ནས་ས་ཆ་མང་པོར་ཕྱིར་ཚོང་བྱེད་ཀྱི་ཡོད། འདི་ནི་ཟླ་7ཚེས་15ཉིན་ཡུལ་མིས་ཤིང་ཏ་ལའི་ལོ་མ་ཉི་སྐམ་གཏོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།