དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་མྱུར་སྐྱེལ་བསྐུར་མའི་ལས་འབོར་དུས་མཚུངས་ལས་5.0%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-22

    རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་མྱུར་སྐྱེལ་བསྐུར་མའི་ལས་འབོར་རིམ་རྩིས་བརྒྱབ་ན་དུང་ཕྱུར་1003.8ཟིན་པ་དེ་དུས་མཚུངས་ལས་5.0%འཕར་བ་དང་། མྱུར་སྐྱེལ་བསྐུར་མའི་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་7714.1ཟིན་པ་དེ་དུས་མཚུངས་ལས་7.3%འཕར་ཡོད་པ་རེད།

    ལོ་སྟོད་དུ། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་མྱུར་སྐྱེལ་བསྐུར་མའི་ལས་སྒོའི་ཡོང་འབབ་བསྡུར་གྲངས་ཁག་སོ་སོར་73.6%དང་། 15.6% 10.8%ཟིན་པ་དང་། མྱུར་སྐྱེལ་བསྐུར་མའི་ལས་འབོར་གྱི་བསྡུར་གྲངས་ཁག་སོ་སོར་68.7%དང་། 20.8% 10.5%ཟིན་ཡོད། ན་ནིང་གི་དུས་མཚུངས་དང་བསྡུར་ན། དབུས་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་བསྐུར་མའི་ལས་སྒོའི་ཡོང་འབབ་ཀྱི་བསྡུར་གྲངས་བརྒྱ་ཆའི་གྲངས་0.1དང་། མྱུར་སྐྱེལ་བསྐུར་མའི་ལས་འབོར་གྱི་བསྡུར་གྲངས་བརྒྱ་ཆའི་གྲངས་1.5འཕར་བ་དང་། ནུབ་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་བསྐུར་མའི་ལས་སྒོའི་ཡོང་འབབ་ཀྱི་བསྡུར་གྲངས་བརྒྱ་ཆའི་གྲངས་0.3དང་མྱུར་སྐྱེལ་བསྐུར་མའི་ལས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་1.4འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།