རིམ་ལྔའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་ལག་བསྟར་གྱི“མཐུན་སྒྲིལ་གླེང་བ་དང་མིག་དཔེ་འདོན་པའི”ཆེད་དོན་སྤེལ་རེས་མཉམ་སྤྱོད་ཚོགས་འདུ་འཚོགས་པ།
ཚེས་20ཉིན། ལྗོངས་ཡོངས་ཀྱི་རིམ་ལྔའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་ལག་བསྟར་བྱེད་པའི“མཐུན་སྒྲིལ་གླེང་བ་དང་མིག་དཔེ་འདོན་པའི”ཆེད་དོན་སྤེལ་རེས་མཉམ་སྤྱོད་ཚོགས་འདུ་ལྷ་སར་འཚོགས་ཤིང་། རྒྱལ་ཡོངས་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང(ཆུས) ཤང(གྲོང་རྡལ)བཅས་རིམ་ལྔའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་30ཚོགས་འདུར་ཞུགས་ནས་སྤེལ་རེས་གནང་བ་རེད།
ད་ཐེངས་ཀྱི་ཆེད་དོན་སྤེལ་རེས་མཉམ་སྤྱོད་ཚོགས་འདུ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཅའ་ཁྲིམས་དྲིལ་བསྒྲགས་དང་མི་རིགས་མཐུན་སྒྲིལ་མདུན་གྲལ་དུ་སྐྱོད་པའི”སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་བའི་ཆ་ཤས་གལ་ཆེན་ཞིག་ཡིན་པ་མ་ཟད། བཅའ་ཁྲིམས་གསར་པ་ཟླ་7ཚེས་1ཉིན་དངོས་སུ་ལག་བསྟར་བྱེད་པའི་མཚམས་ཚིགས་གལ་ཆེན་ལ་གཞི་ཚུགས་ཏེ། རིམ་ལྔའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྤེལ་རེས་ལས་སྟེགས་བསྐྲུན་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བཅའ་ཁྲིམས་ཁྱབ་གདལ་དང་སྒྲོག་འགྲེལ་ལག་ལེན་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ་བཅའ་ཁྲིམས་སྦྱོང་བའི་མྱོང་ཚོར་སྤེལ་རེས་དང་འགན་འཁྲི་སྒྲུབ་པའི་ཁ་ཕྱོགས་ཁ་གསལ་བཟོས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དཔེ་སྟོན་ནུས་པ་གང་ལེགས་བཏོན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་གཞི་རིམ་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་འཇགས་པར་སྐུལ་འདེད་བཏང་ཡོད།
མཉམ་སྤྱོད་ཚོགས་འདུར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གཅིག་སྡུད་སློབ་སྦྱོང་བྱས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་མཛུབ་ཁྲིད་དགོངས་པ་དང་། བརྩི་སྲུང་ཞུ་བའི་རྩ་དོན། ལམ་ལུགས་གལ་ཆེན་བཅས་ཀྱི་ནང་དོན་སྔར་བས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་རྨང་གཞི་བརྟན་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།