དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གཞུང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་2026ལོའི་ཚང་འཛོམས་ཚོགས་འདུ(རྒྱ་ཆེ)འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-22

    ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་2026ལོའི་ཚང་འཛོམས་ཚོགས་འདུ(རྒྱ་ཆེ)འཚོགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2025ལོ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་གྱི་གྲུབ་འབྲས་ཕྱོགས་སྡོམ་དང་སྤེལ་རེས་བྱས་པ། 2026ལོའི་གཙོ་གནད་ལས་དོན་དང“ལོ་ལྔ་ཚན་བཅོ་ལྔ་པའི”བུད་མེད་དང་བྱིས་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་སྡེ་ཚན་ཁག་ལ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ནས་དུས་རབས་གསར་པའི་བུད་མེད་དང་བྱིས་པའི་ལས་འགན་ཕྲག་ཏུ་ཁུར་ནས་བུད་མེད་དང་བྱིས་པའི་ཁེ་དབང་གི་ཁྲིམས་སྐྱོང་འགན་ལེན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་དང་འཁོར་འབྲེལ་ཧྲིལ་པོའི་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་མ་ལག་འཛུགས་པ། བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ། གོམས་སྲོལ་བསྒྱུར་ནས་ཁྱིམ་སྲོལ་བཟང་པོ་སྐྱོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཡང་དག་པའི་སྲིད་སྐྱོང་ལས་རྗེས་ལྟ་བར་བརྟེན་ནས་བུད་མེད་དང་བྱིས་པའི་བྱ་གཞག་གི་རྣམ་པ་གཏོད་རྒྱུར་སྣེ་ཁྲིད་བྱེད་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཁག་ལ་དམ་པོར་དམིགས་པ་དང་། ལྗོངས་ཡོངས་ཀྱི“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ། རྒྱུན་དུ་འཕྲེད་ཕྱོགས་ནས་སྦྲེལ་མཐུད་དང་གཞུང་ཕྱོགས་ནས་མཉམ་འགུལ་ཡག་པོ་བཅས་བྱས་ཏེ། ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།