“ཁྱིམ་ཡིག་ནང་གི་ཀྲུང་གོ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།
ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྣང་ཆེན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་། གཙོ་རྒྱུན་རིན་ཐང་དར་སྤེལ། ཤེས་དཔལ་གྱི་དར་སྲོལ་སྐྱེད་སྲིང་བཅས་བྱ་ཆེད། “ཁྱིམ་ཡིག་ནང་གི་ཀྲུང་གོ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཚེས་18ཉིན་པེ་ཅིང་དུ་སྤེལ་འགོ་ཚུགས་པ་རེད། བྱེད་སྒོ་དེ་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། རྒྱལ་ཁབ་ཡིག་ཚགས་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་གཞི་དང་། ཀྲུང་གོ་མི་དམངས་སློབ་ཆེན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གློག་བརྙན་བརྙན་འཕྲིན་ཟློས་གར་དང་དངོས་མཚོན་གློག་བརྙན་ལྟེ་གནས་བཅས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད།
འགོ་ཚུགས་མཛད་སྒོ་དེ་ལེ་ཚན་གསུམ་ལ་དབྱེ་ནས་ལོ་རྒྱུས་དུས་སྐབས་མི་འདྲ་བའི་མཚོན་བྱེད་རང་བཞིན་ལྡན་པའི་ཁྱིམ་ཡིག་གཞི་རྟེན་དུ་བྱས་ཏེ་སྣང་ཚུལ་རྣམ་འབྱེད་དང་། རིགས་གཅིག་མཁས་ཅན་གྱིས་ཞིབ་གླེང་། ཞབས་བྲོ་འཁྲབ་པ། དབྱིངས་ཞུགས་རྣམ་པའི་ཀློག་འདོན་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་ཁྱིམ་ཡིག་རིག་གནས་ཀྱི་ནང་དོན་ཟབ་མོ་དང་དུས་རབས་ཀྱི་རིན་ཐང་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
མིག་སྔའི་བར་མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་གཞིས་རི་འགོག་དམག་འཁྲུག་གི་དྲན་ཤེས་དང་། ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས། ཕྱིར་སྡོད་རང་མིའི་བརྩེ་སེམས། ངོགས་གཉིས་ཀྱི་གཉེན་ཉེའི་བརྩེ་དུང་སོགས་བརྗོད་དོན་གཙོ་བོར་དམིགས་ནས“མི་དམངས་ཀྱི་ཁྱིམ་ཡིག”སྨྱན་སྦྱོར་ཡོངས་ཀྱི་འཕྲིན་སྤེལ་དུས་ཐེངས་60བཏོན་པར་རིམ་རྩིས་བརྒྱབ་ན་ཁྱིམ་ཡིག་400ལྷག་ཙམ་སྤེལ་བ་དང་། དེ་དག་རྒྱལ་ཁབ་བཅུ་ཕྲག་ཁ་ཤས་ཀྱི་སྨྱན་སྦྱོར་གྱིས་བརྒྱུད་འགོད་བྱས་ནས་འབྲེལ་ཡོད་ནང་དོན་ཕྱི་རྒྱལ་དུ་བརྒྱུད་བསྒྲགས་བྱེད་ཚད་ཐེངས་ཁྲི་5000ལྷག་ཙམ་ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།