དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་སྐོར་བའི་འགྲན་བསྡུར་འགོ་ཚུགས་པ།

    ​པད་ཁའི་མེ་ཏོག་རྣམ་པར་བཀྲ སྐུ་མགྲོན་བུང་བའི་ཚོགས་བཞིན་འཁོར།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ལི་ལིན་ཧའེ། ཝང་ཙེ་ཧན།   |     སྤེལ་དུས།  2026-07-21


    འདི་ནི་ཟླ་7ཚེས་15ཉིན། ཧང་ག་རིའི་MBHདངུལ་ཁང་གི་རྐང་འཁོར་རུ་ཁག་གི་རྐང་འཁོར་བཞོན་མཁན་ཨང་61པ་ཁེ་ལི་སི་ཏི་ཨན·པཱ་ཅ་ཐིང་མཐའ་ཚུགས་སུ་སླེབས་པ།

    འདི་ནི་ཟླ་7ཚེས་12ཉིན། འགྲན་དུམ་གྱི་ཨང་དང་པོ་ཐོབ་མཁན་དབྱི་ཐ་ལིའི་པོ་ཏི— མར་ཐ་འཚོལ་ཞིབ་ཀྱི་རྐང་འཁོར་རུ་ཁག་གི་རྐང་འཁོར་བཞོན་མཁན་ཅཱ་པུ་ལི་ཨེ་ལའེ·པེ་སའེ(གཡས་ཀྱི་གཉིས་པ)དང་། ཨང་གཉིས་པ་ཐོབ་མཁན་དབྱི་ཐ་ལིའི་པཱ་ཏི་ཡཱ་ཉིའི་རྐང་འཁོར་རུ་ཁག་གི་མར་ཁོ·མཱ་ནེ་ཏེ(གཡོན་གྱི་དང་པོ) ཨང་གསུམ་པ་ཐོབ་མཁན་ལི་ཉིན་ཀྲི་ཤིན་རྐང་འཁོར་རུ་ཁག་གི་ལཱ་མན·ཆི་ཧྲི་ཁོ་ཕུའུ་བཅས་ཀྱིས་བྱ་དགའ་ལེན་སར་མཉམ་པར་རྒྱག་བཞིན་པ།

    མིག་སྔར། མཛེས་སྡུག་ལྡན་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར(མཚོ་སྔོན་སྐོར་བའི་འགྲན་བསྡུར)སྐབས་ཉེར་ལྔ་པའི་འགྲན་དུམ་གཉིས་པ་སྟོང་སྐོར་ནས་འཇུ་ལག་དུམ་བུའི་འགྲན་བསྡུར་འགོ་ཚུགས་ཤིང་། འགྲན་དུམ་དེའི་ལམ་ཐག་ལ་སྤྱི་ལེ་225ཡོད་པ་དང་རྐང་འཁོར་བཞོན་མཁན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་གི་ས་ཁོངས་སུ་སླེབས་སྐབས་གསེར་མདོག་གི་པད་ཁའི་མེ་ཏོག་གིས་བརྒྱན་པའི་འགྲན་ལམ་རིང་པོ་ནས་བྱ་འཕུར་བ་ལྟར་སྐྱོད་བཞིན་ཡོད།

    འཇུ་ལག་རྫོང་ནི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(འོས་འདེམས་ཁུལ)མཚོ་སྔོན་ཡུག་ཁུལ་དུ་གནས་ཤིང་། ནགས་ཚལ་སྤྱི་ཆིང་ཁྲི་ཡི་སྐྱེ་ཁམས་སྲུང་བཅད་བརྟན་པོ་བསྐྲུན་པ་དང་འཇུ་ལག་གི་ཆུ་བོས་པད་ཞིང་ལ་འཚོ་བཅུད་སྦྱིན་ཡོད། སྔོན་ཆད་སྐྱེ་ཁམས་ཉམས་པའི་རི་ལྡེབས་དང་གྲམ་ཐང་དག་ད་ཆ་རིམ་བརྩེགས་སུ་ཆགས་པའི་གསེར་མདོག་གི་རྒྱ་མཚོ་ལྟ་བུར་གྱུར་ཡོད།

    ཡུལ་དེའི་ལེ་དབར་བརྒྱ་ཡི་པད་ཁའི་མེ་ཏོག་གླིང་དེ་བྱང་མདོ་ལ་རིང་མོ་དང་འབྲེལ་ནས་སྤྱི་ལེ་བརྒྱ་ཙམ་མུ་འཁྱུད་དུ་ཆགས་པ་དང་མེ་ཏོག་རབ་ཏུ་བཞད་པའི་སྐབས་སུ་གསེར་མདོག་གི་མེ་ཏོག་གླིང་དང་། གངས་རི། ནགས་ཚལ་བཅས་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་གྱུར་ནས་ཉམས་དགའ་བའི་རྣམ་པ་ཞིག་མངོན་བཞིན་ཡོད།

    ལོ་54ལ་སླེབས་པའི་ལི་ཚུའེ་ཧྥང་ནི་སྦྲང་ནོར་བུ་གསོ་མཁན་ཞིག་ཡིན་པ་དང་ཧུའུ་པེ་ཝུའུ་ཧན་ནས་རེད།

    ལོ་ལྟར་ཁོང་དང་བཟའ་ཟླ་ཝང་ཧྭ་ཕིང་གིས་སྦྲང་སྒམ་ཆེ་ཆུང་སྣ་ཚོགས་ཁྱེར་ནས་མེ་ཏོག་འཆར་དུས་སུ་འགྲུལ་བཞུད་བྱེད་འགོ་ཚུགས།

    ཁྱོ་ཤུག་གཉིས་པོ་སྡོད་སའི་སྨི་ངོས་གྲུ་14ཙམ་གྱི་ལྕགས་ཤོག་སྦྲ་གུར་ནང་སོལ་རླངས་ཐབ་དང་། མེ་ཏོག་བླུག་སྒམ། སྟབས་བདེའི་ཉལ་ཁྲི་བཅས་གྲལ་འགྲིག་པོར་ཡོད་ཅིང་། ལོ་ལྟར་ཕྱིར་གནས་བཅའ་དགོས་སྟབས་སྦྲ་གུར་ནི་ཁོང་ཚོའི་གནས་སྐབས་ཀྱི་ཁྱིམ་ཡིན་ཞིང་། འབྲས་ལྟོ་ཕད་གང་དང་ཕག་ཤ་བསྙལ་མ་ཁ་ཤས་བཙོས་ཏེ་རྒྱུས་མངའ་ཆེ་བའི་བྲོ་བ་དེ་ལས་ཁོང་ཚོས་ཕ་ཡུལ་དྲན་པར་སེམས་གསོ་ཕྲན་བུ་ཐུབ་ཀྱི་ཡོད།

    ལོ་མང་རིང་ཕྱོགས་བཞི་མཚམས་བརྒྱད་དུ་འཚོ་བ་སྐྱེལ་མཁན་བབ་ཆགས་པའི་ཁྱོ་ཤུག་གཉིས་པོས་འཇུ་ལག་གི་དགེ་མཚན་མྱོང་ཚོར་ཐུབ་ཅིང་། “དེ་གར་སྐྱེ་ཁམས་བཟང་བ་དང་། ས་ཆུ་ཡག་ལ་མེ་ཏོག་ཁྲ་ཐིང་ངེར་བཞད་ཁར་སྲིད་གཞུང་གིས་ཀྱང་ངེད་ཚོ་སྦྲང་ནོར་བུ་གསོ་མཁན་ཚོར་སྟབས་བདེ་བསྐྲུན་གྱི་འདུག རྣམ་ཀུན་ང་ཚོས་མེ་ཏོག་གི་ཟེའུ་རྡུལ་སྐམ་པ་དང་སྦྲང་སྒམ་ལ་གཡོག་བྱེད་བྱེད་སྐབས་སྐབས་རེ་གཞུང་ལམ་དང་བར་ཐག་ཉེ་པོ་ཆགས་རུང་ཐེ་ཇུས་བྱེད་མཁན་གཅིག་ཀྱང་མེད་སྟབས་ང་ཚོ་སེམས་རྣལ་ལ་ཕབ་ནས་སྡོད་ཆོག་གི་འདུག”

    རྐང་འཁོར་བཞོན་མཁན་གྱིས་འགྲན་བསྡུར་དང་བསྟུན་ནས་རི་མཚོ་བརྒལ་བ་དང་སྦྲང་ནོར་བུ་གསོ་མཁན་ཚོས་མེ་ཏོག་གི་དྲི་ཞིམ་དང་བསྟུན་ནས་གང་སར་འགྲོ་གི་ཡོད། ལམ་བར་དུ་རླུང་ཕྱོགས་དང་དྲི་ཞིམ་དང་བསྟུན་ཏེ་རྣམ་པ་མི་འདྲ་བའི་དགའ་ཞེན་གྱི་རྒྱུན་སྐྱོང་བཞིན་མཆིས།

    “མེ་ཏོག་གླིང་དུ་རྐང་འཁོར་བཞོན་པ་ནི་ལོངས་སྤྱོད་ཅིག་རེད”དེ་ཉིན་མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོ་མཚོན་པའི་འོག་འཇུག་སེར་པོ་ཐོབ་མཁན་དབྱི་ཐ་ལིའི་པོ་ཏི— མར་ཐ་འཚོལ་ཞིབ་ཀྱི་རྐང་འཁོར་རུ་ཁག་གི་རྐང་འཁོར་བཞོན་མཁན་ཅཱ་པུ་ལི་ཨེ་ལའེ·པེ་སེས་འགྲན་བསྡུར་སྣོན་མ་བྱས་རྗེས་དེ་ལྟར་བཤད།

    མེ་ཏོག་གླིང་གི་ལྗོངས་གཟིགས་སྒང་དང་འགྲན་ལམ་གྱི་ཕྱི་རོལ་དུ་ཡིད་སྨོན་སྐྱེས་ནས་ཡོང་པའི་ཡུལ་སྐོར་བས་ཁེངས་པ་དང་ཁོང་ཚོ་ལེ་དབར་སྟོང་ཙམ་བརྒལ་ནས་འཇུ་ལག་ཏུ་ཡོང་དོན་ནི་ལོ་གཅིག་དུས་གཅིག་གི་གསེར་མདོག་མཛེས་ལྗོངས་སུ་མཉམ་འཛོམས་བྱས་ཏེ་མཚོ་སྔོན་སྐོར་བའི་མྱུར་ཚད་དང་སྤྲོ་སྣང་ལ་བདེན་དཔང་བྱ་ཆེད་རེད།

    ཨན་ཧུའེ་ཡི་ཡུལ་སྐོར་བ་ལི་ཤིན་རེན་གྱིས་སྔ་ས་ནས་ལྗོངས་གཟིགས་སྒང་དུ་བསྒུགས་ཏེ་པར་ཆས་བཏེགས་ནས་རྐང་འཁོར་རུ་ཁག་མེ་ཏོག་གླིང་དུ་སྐྱོད་བཞིན་པའི་རྣམ་པ་པར་དུ་བླངས་པ་སྟེ། “གངས་ལྗོངས་ས་མཐོའི་མཛེས་ལྗོངས་དང་རྐང་འཁོར་བཞོན་མཁན་ཚོ་མཉམ་དུ་པར་བརྒྱབ་པ་དེ་ནི་ཡུལ་གཞན་དུ་མཐོང་དཀོན་པ་ཞིག་རེད”

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།