དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཛེས་ལྗོངས་ཁུལ་དུ་མཉམ་འཛོམས་ཀྱིས། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གླེང་།

    ​—— ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི་མཐོང་ཐོས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-21


    འདི་ནི་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི་གླེང་སྟེགས་གཙོ་བོ་འཚོག་སར་ཚོགས་ཞུགས་སྐུ་མགྲོན་ཚོས་བཞེད་དོན་གཙོ་བོའི་གཏམ་བཤད་ཉན་བཞིན་པ།

    འདི་ནི་སྐུ་མགྲོན་ཚོས་ཉིང་ཁྲིའི་བོད་ཀྱི་གསོ་བ་རིག་པའི་འགྲེམས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་བསྟན་བཅོས་དང་ཐང་གའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་ནས་བོད་ཀྱི་གསོ་བ་རིག་པའི་རིག་གནས་རྒྱུན་འཛིན་གྱི་གྲུབ་འབྲས་རྒྱུས་ལོན་བྱེད་བཞིན་པ།

    འདི་ནི་སྐུ་མགྲོན་གྱིས་ཡུལ་སྐོར་སྤྲོ་གསེང་གྲུ་གཟིངས་ལ་བསྡད་ནས་བྲག་གསུམ་མཚོའི་མཛེས་ལྗོངས་མྱོང་རོལ་བྱེད་བཞིན་པ།

    འདི་ནི་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི“ས་མཐོའི་ལུས་རྩལ་མཉམ་ལས”ཀྱི་ཡན་ལག་གླེང་སྟེགས་འཚོག་སར་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོས་བརྗོད་གཞིར་གཞིགས་ནས་སྤེལ་རེས་བགྲོ་གླེང་བྱེད་བཞིན་པ།

    འདི་ནི་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི“ས་མཐོའི་ལྗང་མདོག་བདེ་ཐང”གི་ཡན་ལག་གླེང་སྟེགས་འཚོག་སར་ཚོགས་ཞུགས་སྐུ་མགྲོན་ཚོས་སྙན་ཞུ་ཉན་བཞིན་པ།

    འདི་ནི་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི“ས་མཐོའི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་བདེ་འཇགས”ཀྱི་ཡན་ལག་གླེང་སྟེགས་འཚོག་སར་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ས་མཐོའི་ས་གཤིས་རིམ་འགྱུར་དང་སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་སོགས་ཀྱི་ནང་དོན་མཉམ་སྤྱོད་བྱེད་བཞིན་པ།

    འདི་ནི“ཕུགས་འདུན་མཉམ་གཏོད། མཚན་མོའི་ཁྲོམ་ར་སྐོར”གྱི་མཚན་མོའི་དཔལ་འབྱོར་གྱི་ཉམས་ལེན་བྱེད་སྒོ་སྤེལ་སར་ལས་དོན་པས་སྐུ་མགྲོན་ལ་བོད་ཀྱི་ཁྱད་ལྡན་ལག་ཤེས་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    ཟླ་བདུན་པའི་ཉིང་ཁྲིར་ཆར་པ་སིམ་སིམ་བབས་ཤིང་བསིལ་རླུང་དལ་བུར་ལྡང་། ཉང་ཆུ་གཙང་པོ་དལ་གྱིས་རྒྱུག་ཅིང་རི་བོའི་རྩེ་མོར་སྨུག་སྤྲིན་ལང་མ་ལིང་དུ་རྒྱུ།

    ཧྥ་རན་སེ་ནས་ཡོང་བའི་སྐུ་མགྲོན་ཞིག་གིས་འགྲུལ་སྐྱེལ་རླངས་འཁོར་ནས་བབས་མ་ཐག་མགོ་བོ་བཏེགས་ནས་མཐའ་འཁོར་གྱི་ཡུལ་ལྗོངས་ལ་ལྟ་བཞིན“འདི་གའི་མཁའ་རླུང་ཧ་ཅང་གཙང་བས་གསོ་རླུང་རྔུབ་དུས་རྩྭ་རྩི་ཤིང་གི་དྲི་ཞིམ་འཐུལ་གྱི་འདུག”ཅེས་བརྗོད། ཚེས་16ཉིན། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་29ནས་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་350ལྷག་ཙམ་རི་ཀླུང་མང་པོ་བརྒལ་ཏེ་མཉམ་ལས་གཉིས་ཕན་གྱི་གྲོས་མཐུན་དོན་དུ་ཉིང་ཁྲིར་དགའ་འཛོམས་བྱས་ཡོད།

    ཚེས་16ནས་18ཉིན་བར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་འདི་གར་གཉེར་བ་རེད། སྐབས་འདིའི་གླེང་སྟེགས་ཀྱིས“ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི”བརྗོད་དོན་གཙོ་བོར་དམིགས་ནས། གཙོ་གནད་གྲོས་གཞི་མང་པོར་སྤེལ་རེས་ཟབ་མོ་དང་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    ཚོགས་འདུར་གླེང་སྟེགས་ཀྱི་གཙོ་གནད་ཆ་ཤས་ཡིན་པའི་བཞེད་དོན་གཙོ་བོའི་གླེང་སྟེགས་དང་ཡན་ལག་གླེང་སྟེགས་བཞི་བཀོད་སྒྲིག་བྱས་ཏེ། ས་མཐོའི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་བདེ་འཇགས་དང་། རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས། ལུས་རྩལ་མཉམ་ལས། ལྗང་མདོག་སྐྱོན་བྲལ་སོགས་ཀྱི་བརྗོད་གཞིར་གྲོས་བསྡུར་བྱས་པས། ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་འཕེལ་རྒྱས་ཀྱི་གྲོས་གཞི་མང་པོ་དང་འབྲེལ་བ་ཡོད་པ་རེད།

    ཚོགས་འདུའི་རིང་སྐུ་མགྲོན་ཚོས་ཉང་ཆུའི་འགྲམ་གྱི་བ་གམ་དང་། ཀ་ལ་གྲོང་ཚོ། ཀླུ་ནང་གྲོང་རྡལ་སོགས་སུ་བསྐྱོད་དེ་ཉིང་ཁྲིའི་མི་སེར་གྱི་རྒྱུན་གཏན་འཚོ་བར་ཉམས་ལེན་བྱས་པ་དང་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཉམས་སུ་མྱངས་པ་རེད།

    ཀ་ལ་གྲོང་ཚོའི“མཐུན་སྒྲིལ་བསྟོད་བསྔགས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱེད་སྐབས་བོད་དུ་ཡོང་ཐེངས་དང་པོ་ཡིན་པའི་ཧིན་རྡུ་ཉི་ཞི་ཡའི་སྨྱན་སྦྱོར་བ་Nadiaཡིས་རྒྱུས་ལོན་ཞིབ་ཚགས་བྱས། ཀ་ལ་གྲོང་ཚོས་ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བས། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་བརྟན་པོ་བྱུང་བར་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

    མཚོ་སྔོན་ནས་ཡོང་བའི་ཚོགས་ཞུགས་སྐུ་མགྲོན་ཏུའུ་ཞའོ་ལི་ཡིས“བྱེད་སྒོ་སྤེལ་རིང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཕྱོགས་གང་ས་ཅི་ཐད་ནས་མངོན་བཞིན་པ་ངར་བག་ཆགས་ཟབ་མོ་བྱུང་། གནས་འདིར་འཚོ་གནས་བྱེད་མཁན་ཚོས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ས་གནས་འདིར་ཕན་བདེ་བསྐྲུན་པ་ཞིག་རེད་ལ་འཛམ་གླིང་ལ་འགན་འཁུར་བ་ཞིག་ཀྱང་རེད”ཅེས་བརྗོད།

    དུས་ཚོད་སྐད་ཅིག་ཙམ་ལ་འདས་ནས་བྱེད་སྒོ་མཇུག་འགྲིལ་ཉེར་ཡོད་ཅིང་། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་སྐུ་མགྲོན་རྣམས་ཀྱིས་བོད་ལ་འཛིན་པའི་ལྟ་སྟངས་གསར་པ་ཞིག་གི་ཐོག་ནས་སོ་སོའི་རྒྱལ་ཁབ་ཏུ་ལོག སླར་ཡང་མཉམ་དུ་འཛོམས་ནས་རྒྱང་ལམ་གསར་པར་བསྐྱོད་རྒྱུའི་སྟ་གོན་བྱེད་བཞིན་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།