དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཕུགས་འདུན་མཉམ་དུ་གཏོད། མཚན་མོའི་ཁྲོམ་ར་སྐོར།

    ​ཀྲུང་ཕྱིའི་སྐུ་མགྲོན་ཚོས་བོད་ཀྱི་མཚན་མོའི་དཔལ་འབྱོར་གྱི་གསོན་ཤུགས་ཉམས་སུ་མྱངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-21

    ཉང་ཆུའི་ངོགས་སུ་གློག་འོད་ཁྲ་ཆིལ་ལེར་འབར། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་སྤྱི་གླིང་དུ་མི་ཚོགས་འཁྲུག་ཆ་དོད་ཅིང་། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི་ལྷན་སྦྱར་བྱེད་སྒོ་སྟེ། “ཕུགས་འདུན་མཉམ་དུ་གཏོད། མཚན་མོའི་ཁྲོམ་ར་སྐོར”ཞེས་པའི་མཚན་མོའི་དཔལ་འབྱོར་ཉམས་ལེན་བྱེད་སྒོ་འཁྲུག་ཆ་དོད་པོས་སྤེལ་འགོ་ཚུགས་པ་རེད། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཚོགས་ཞུགས་སྐུ་མགྲོན་ཚོས་འགྲེམས་གནས་ཁག་ཏུ་བསྐྱོད་དེ་འཁྲུག་ཆ་དོད་ལ་ནང་དོན་ཕུན་སུམ་ཚོགས་པའི་ས་མཐོའི་དབྱར་ཁའི་མཚན་མོའི་དཔལ་འབྱོར་གྱི་གསོན་ཤུགས་ཉམས་སུ་མྱངས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་འགྲེམས་གནས་ཧ་ཅང་མང་པོ་ཡོད་ཅིང་། ཉིང་ཁྲིའི་རྫོང་དང་ཆུས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ཐོན་རྫས་དང་། ཁྱད་ལྡན་ཞིམ་ཟས། རིག་གནས་བསམ་བཀོད་ཐོན་རྫས་སོགས་བཀྲམ་ཞིང་། རྫོང་དང་ཆུས་ཁག་ནས་ཁྱེར་འོང་བའི་སྤོས་དང་། བོད་སྨན། ལག་ཤེས་བསླས་འཐག་སོགས་ཡུལ་ཟོག་སྣ་ཚོགས་ལ་སྐུ་མགྲོན་མང་པོ་ལྟ་བར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཞིམ་ཟས་འགྲེམས་ཁུལ་དུ་འཚང་ཁ་ལྷག་པར་ཆེ། སྐུ་མགྲོན་ཚོས་ཇ་མངར་མོ་སོགས་ས་མཐོའི་ཁྱད་ལྡན་ཞིམ་ཟས་ལ་ཧ་ཅང་དགའ་པོ་བྱེད་པ་དང་འགྲོ་ཞོར་དུ་བཟའ་བཏུང་གི་བྲོ་བ་མྱངས་ནས་བསྔགས་བརྗོད་ཡང་ཡང་བྱེད། མཉམ་འགུལ་ཉམས་ལེན་ཁུལ་དུ་དེ་བས་འཁྲུག་ཆ་དོད་ཅིང་། སྤྲོ་སྣང་ལྡན་པའི་རོལ་དབྱངས་གྲགས་པ་དང་ཆབས་ཅིག་སྒོར་གཞས་འཁྲབ་འགོ་ཚུགས་པ་དང་། འཁྲབ་སྟོན་པ་ཚོའི་གཡུག་བཟོ་དོད་པའི་སྟངས་སྟབས་ལས་སྐུ་མགྲོན་མི་ཉུང་བ་ཞིག་གི་མིག་དབང་རབ་ཏུ་བཀུག་ནས་རང་ཉིད་ཀྱང་སྒོར་གཞས་འཁྲབ་པར་བསྐྱོད་དེ། གླུ་སྒྲ་དང་དགོད་སྒྲས་ཁེངས་པའི་སྐྱིད་སྣང་དོད་ལ་ཡིད་དུ་འོང་བའི་མཚན་མོའི་རྣམ་པ་གཟབ་རྒྱས་ལོངས་སུ་སྤྱད་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།