དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ས་མཐོའི་གཙོད་གནས་སྤོས་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-21


    གསེང་ལུང་གཙང་པོ་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་བྱང་རྒྱུད་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་། ལོ་ལྟར་གྱི་ཟླ་7པ་ཙམ་ལ་གསེང་ལུང་གཙང་པོའི་སྤྱི་ལེ་བརྒྱ་ལྷག་ཙམ་གྱི་ས་ཡི་བཙས་མ་ཐག་པའི་གཙོད་ཕྲུག་ཨ་མ་དང་མཉམ་དུ་འཚོ་སྡོད་བྱ་ཡུལ་དུ་གནས་སྤོས་བྱེད་ཀྱི་ཡོད།

    བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནག་ཆུ་གྲོང་ཁྱེར་དོ་དམ་ཅུས་མཚོ་ལོ་མོ་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་ངག་དབང་བློ་གྲོས་ཀྱིས་ཉེ་བའི་ལོ་གསུམ་རིང་ལོ་ལྟར་དེ་ག་ནས་གཙང་པོ་བརྒལ་ཏེ་གནས་སྤོས་བྱེད་མཁན་གྱི་གཙོད་ཁྲི་15ལྷག་ཙམ་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས། འདི་ནི་གཙོད་ཁྱུ་གསེང་ལུང་གཙང་པོ་སྒྲོལ་བཞིན་པ།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།