དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འབྲི་ཆུའི་འགག་གསུམ་དུ་གྲུ་འགག་ཡོད་ཀྱང་ད་དུང་ཆུ་ལམ་གསར་པ་བཟོ་དགོས་དོན་གང་ཡིན་ནམ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཏེང་ཅན་དབྱང་།   |     སྤེལ་དུས།  2026-07-21

    ཟླ་6ཚེས་8ཉིན། འབྲི་ཆུའི་འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་གྱི་ཆུ་ལམ་གསར་པའི་ལས་གྲྭ་སྐྲུན་འགོ་ཚུགས་པ་རེད། གསར་འགྱུར་དུ་འབྲི་ཆུའི་འགག་གསུམ་གྱི་ཆུ་ལམ་འགག་སྒོ་དེ“གྲུ་ལམ་གཉིས”ནས“གྲུ་ལམ་མང་པོའི་བར”འགྱུར་ལྡོག་འགྲོ་རྒྱུ་རེད་ཅེས་འཁོད་ཡོད། འབྲི་ཆུའི་འགག་གསུམ་ལས་གྲྭར་གྲུ་འགག་ཡོད་ཀྱང་། ད་དུང་འབྲི་ཆུའི་འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་གྱི་ཆུ་ལམ་གསར་པ་བཟོ་དགོས་དོན་གང་ཡིན་ནམ། དེས་ནུས་པ་ཇི་ཙམ་འདོན་ཐུབ་བམ།

    —— མི་དམངས་དྲ་བའི་དྲ་གྲོགས་ཀྱིས་བཏོན་པའི་དྲི་བ།

    དྲ་གྲོགས་ཀྱི་དྲི་བར་ལན་མ་བཏབ་གོང་། སྔོན་ལ་གྲངས་གཞི་ཁག་གཉིས་ལ་གཟིགས་དང་།

    2025ལོར་འབྲི་ཆུའི་འགག་གསུམ་གྱི་གྲུ་ལམ་གཙོ་བོས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1.73 ཟིན་ཞིང་། 2011ལོར་འབྲི་ཆུའི་འགག་གསུམ་གྱི་གྲུ་ལམ་གཙོ་བོས་ལོ་རེར་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1ལས་ཐོག་མར་བརྒལ་ནས། ལོ་19ཡི་སྔ་སྣུར་དུ་ཇུས་འགོད་བྱས་པའི་དངོས་ཟོག་དབོར་འདྲེན་གྱི་ཆུ་ཚད་དུ་བསླེབས་ཡོད།

    2025ལོར་འབྲི་ཆུའི་གྲུ་ཁ་ཨ་མ་ནས་དངོས་ཟོག་འབེབས་འཇུག་བྱེད་ཚད་ཏུན་དུང་ཕྱུར་42ལྷག་ཙམ་ཟིན་གྱི་ཡོད། ལོ་10ཡི་རིང་འབྲི་ཆུའི་ཆུ་རྒྱུད་ཀྱི་རིམ་མཐོའི་གྲུ་ལམ་དེ་སྤྱི་ལེ་ཁྲི་0.8ནས་སྤྱི་ལེ་ཁྲི་1.1བར་རིང་དུ་ཕྱིན་པ་དང་། གྲུ་ཁ་ཨ་མ་ནས་དངོས་ཟོག་འབེབས་འཇུག་བྱེད་ཚད་71%འཕར་ནས་འཛམ་གླིང་གི་ནང་ཁུལ་ཆུ་བོའི་ཨང་དང་པོར་བསླེབས་ཡོད།

    འཕར་གྲངས་དེ་དག་ལས་འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་བྲེལ་ཟིང་ཆེན་པོ་ཡོད་པ་མཚོན་གྱི་ཡོད། འབྲི་ཆུའི་འགག་གསུམ་ནས་ཀེ་ཀྲོའུ་ཆུ་རགས་བར་གྱི་གྲུ་ལམ་ཨ་མ་ནི་འབྲི་ཆུའི་ཆུ་ལམ་གཙོ་བོའི་ནང་གི་གཙོ་རྐང་རེད། དེ་ནི་འབྲི་ཆུའི་སྟོད་སྨད་བར་གསུམ་གྱི་ཆུ་ལམ་ཤར་གཏོང་ཐུབ་མིན་དང་འབྲེལ་བ་ཡོད། མིག་སྔར་གྲུ་འགག་ཡོད་བཞིན་དུ་འབྲི་ཆུའི་འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་གྱི་ཆུ་ལམ་གསར་པ་སྐྲུན་པ་ནི་དངོས་ཡོད་ལ་བསམ་གཞིག་བྱས་པ་ཞིག་རེད་ལ། ཕུགས་ཀྱི་འཕེལ་རྒྱས་ལ་རྒྱང་ལྟ་བྱས་པ་ཞིག་ཀྱང་རེད།

    དངོས་ཡོད་ཀྱི་དགོས་མཁོ་ནས་བལྟས་ན། ངེས་པར་དུ་འབྲི་ཆུའི་ཆུ་ལམ་ཨ་མའི་གྲུ་ལམ་གཙོ་བོ་ཤར་གཏོང་ཐུབ་པར་བྱེད་དགོས།

    འབྲི་ཆུའི་འགག་གསུམ་ལས་གྲྭས་འབྲི་ཆུའི་སྟོད་རྒྱུད་དང་དབུས་རྒྱུད་ཀྱི་གྲུ་ལམ་གྱི་ཆ་རྐྱེན་ལ་འགྱུར་ལྡོག་གང་ལེགས་གཏོང་ཐུབ། འབྲི་ཆུའི་འགག་གསུམ་ལས་གྲྭ་བསྐྲུན་ནས་ཆུ་བསགས་རྗེས། “གནའ་ནས་ད་བར་ཁྲོན་ཅང་གཙང་པོར་མཚན་མོ་གྲུ་མི་གཏོང་བའི”ལོ་རྒྱུས་མཇུག་འགྲིལ་ནས། ཏུན་ཁྲི་རིམ་པའི་གྲུ་གཟིངས་རུ་ཁག་ཧྲང་ཧའེ་ནས་ཁྲུང་ཆིང་དུ་ཐད་ཀར་སྐྱོད་ཆོག་གི་ཡོད། དེས་ན། མཚོ་ཐོག་སྐྱེལ་འདྲེན་གྱི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་བསྟུན་ནས་འབྲི་ཆུའི་འགག་གསུམ་གྱི་གྲུ་ལམ་ཨ་མའི་ཤར་གཏོང་བྱེད་ནུས་ཐད་ལའང་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།

    ཕུགས་ཀྱི་འཕེལ་རྒྱས་ནས་བལྟས་ཚེ། འབྲི་ཆུས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཀྲུང་གོར་འཛད་མཐའ་མེད་པའི་འཕེལ་རྒྱས་ཀྱི་གཏིང་ཤུགས་སྦྱིན་ངེས།

    འབྲི་ཆུའི་གྲུ་ལམ་གྱི་ལེགས་ཆ་མངོན་གསལ་དོད་ཅིང་། མ་གནས་དམའ་ལ་ལམ་ཐག་རིང་བའི་སྐྱེལ་འདྲེན་གྱི་བགྲོད་ལམ་ཆེན་པོས་འབྲི་ཆུའི་གྲུ་ལམ་གྱི་དབོར་འདྲེན་རིན་གོང་ནི་ལྕགས་ལམ་གྱི་1/5ལས་ཟིན་གྱི་མེད། འབྲི་ཆུའི་མཚོ་ཐོག་སྐྱེལ་འདྲེན་གྱིས་འབྲི་ཆུའི་རྒྱུད་ཀྱི་ས་ཁུལ་འཕེལ་རྒྱས་ལ་མཁོ་བའི་ལྕགས་རྡོ་དང་། རྡོ་སོལ། ཕྱི་ཕྱོགས་ཉོ་ཚོང་གི་དངོས་ཟོག་བཅས་སྐྱེལ་འདྲེན་བྱེད་ཚད་80%ཡན་གྱི་འགན་འཁུར་བཞིན་ཡོད།

    འབྲི་ཆུའི་དཔལ་འབྱོར་ཁུལ་ནི་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11ལ་ཁྱབ་ཡོད་པ་དང་། དེས་རང་རྒྱལ་གྱི་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་གསུམ་ལས་བརྒལ་ནས། མི་འབོར་གྱི་གཞི་ཁྱོན་དང་དཔལ་འབྱོར་བསྡོམས་འབོར་གྱིས་རྒྱལ་ཡོངས་ཀྱི་ཕྱེད་ཀ་ཙམ་བཟུང་ཡོད། འབྲི་ཆུའི་འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་གྱི་ཆུ་ལམ་གསར་པ་བསྐྲུན་རྗེས། འབྲི་ཆུའི་འགག་གསུམ་གྱི་གྲུ་ལམ་ཨ་མ་ཤར་གཏོང་ཐུབ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་མྱུར་པོ་འགྲོ་བར་འདེགས་སྐྱོར་ནུས་ལྡན་ཐུབ་ངེས་རེད།

    འབྲི་ཆུའི་འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་གསར་པའི་ལས་གྲྭར་གཙོ་བོ་འབྲི་ཆུའི་འགག་གསུམ་གྱི་གྲུ་ལམ་གཙོ་བོའི་བགྲོད་ལམ་གསར་པ་སྐྲུན་པ་དང་ཀེ་ཀྲོའུ་ཆུ་རགས་ཀྱི་ཆུ་ཐོག་སྐྱེལ་འདྲེན་གྱི་ནུས་པ་་ཆེ་རུ་གཏོང་བ་གཉིས་ཚུད་ཡོད། ལས་གྲྭ་བསྐྲུན་རྗེས་འབྲི་ཆུའི་འགག་གསུམ་གྱི་གྲུ་ལམ་གཙོ་བོ་ནས་ལོ་ལྟར་ཁྱོན་དངོས་ཟོག་སྐྱེལ་འདྲེན་ཐུབ་ཚད་ཏུན་དུང་ཕྱུར་3.36ཟིན་རྒྱུ་དང་ཀེ་ཀྲོའུ་ཆུ་རགས་ཀྱི་གྲུ་ལམ་གཙོ་བོ་ནས་ལོ་ལྟར་ཁྱོན་དངོས་ཟོག་སྐྱེལ་འདྲེན་ཐུབ་ཚད་ཏུན་དུང་ཕྱུར་3.6ཟིན་རྒྱུ་ཡིན་པས། མིག་སྔ་ལས་ཆེས་ཆེར་འཕར་རྒྱུ་རེད།

    “གྲུ་གཟིངས་རུ་ཁག་གཅིག་གིས་དངོས་ཟོག་ཏུན་ཁྲི་སྐྱེལ་འདྲེན་བྱེད་པ”ནས“གྲུ་གཟིངས་གཅིག་ཁོ་ནས་དངོས་ཟོག་ཏུན་ཁྲི་སྐྱེལ་འདྲེན་བྱེད་པར”གྱུར་ཏེ། སྐྱེལ་འདྲེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་ཕྱིན་ཞིང་། རིགས་གཅིག་མཁས་ཅན་གྱིས་ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། འབྲི་ཆུའི་འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་གསར་པ་བསྐྲུན་རྗེས། ལོ་ལྟར་གྲུ་གཟིངས་ཤར་གཏོང་ཐུབ་ཚད་མང་དུ་ཕྱིན་པ་དང་སྐམ་ལམ་སྐྱེལ་འདྲེན་གྱི་ཚབ་བྱེད་པ་སོགས་ལས་འགྲོ་སོང་སྒོར་དུང་ཕྱུར་180གྲོན་ཆུང་ཐུབ་རྒྱུ་རེད།

    ཕུགས་ནས་བལྟས་ཚེ། འབྲི་ཆུའི་འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་གསར་པའི་ཕན་འབྲས་ད་དུང་དེ་ཙམ་གྱིས་ཚད་ཀྱི་མེད།

    སྐྱེལ་འདྲེན་ནུས་པ་འདོན་སྤེལ་གང་ལེགས་ཐུབ་རྗེས། ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་ལེགས་ཆ་སྔར་བས་འདོན་རྒྱུ་རེད། ནེ་ཧོ་གཙང་པོའི་ཆུ་ཐོག་སྐྱེལ་འདྲེན་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ནི་གཞུང་ལམ་གྱི་1/13ཙམ་ཡིན་པ་དང་ལྕགས་ལམ་གྱི་ཕྱེད་ཀ་ཡང་ཟིན་གྱི་མེད། སྐྱེལ་འདྲེན་གྱི་ནུས་འབྲས་ཐད་ཆུ་ཐོག་སྐྱེལ་འདྲེན་གྱི་རྩིས་གཞིའི་ནུས་རྒྱུ་ཟད་གྲོན་ནི་གཞུང་ལམ་གྱི་1/11ཙམ་ཡིན། འབྲི་ཆུའི་འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་བགྲོད་ལམ་གསར་པས་དངོས་ཟོག་འབོར་ཆེན་སྐྱེལ་འདྲེན་བྱ་རྒྱུ་དེ“གཞུང་ལམ་ནས་ཆུ་ཐོག་ཏུ་སྒྱུར་བར”སྐུལ་འདེད་བཏང་ནས་ཐཱན་འབུད་ཚད་དང་ཁོར་ཡུག་སྦགས་བཙོག་ཉུང་དུ་གཏོང་རྒྱུ་རེད།

    འགྲིམ་འགྲུལ་དྲ་བ་ཤར་གཏོང་ཐུབ་རྒྱུ་ཡིན་ཞིང་། འབྲི་ཆུའི་འབབ་རྒྱུད་ཡོངས་ཀྱི་ཆུ་ལམ་རྩེ་གྲར་གྲུ་གཟིངས་ཤར་གཏོང་ཐུབ་ནུས་སྔར་བས་ཆེ་རུ་ཕྱིན་ནས། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བས་ཤར་ནུབ་ཕྱོགས་གཉིས་ཀྱི་ཕན་ཚུན་རོགས་སྐྱོར་ལ་སྐུལ་འདེད་ཐུབ་པ་མ་ཟད་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་སྟེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་གསོན་ཤུགས་སྔར་བས་འཕེལ་རྒྱུ་རེད།

    ལོ་20ཡི་གོང་ལ་ཕྱིར་མིག་ལྟ་སྐབས། འབྲི་ཆུའི་འགག་གསུམ་གྱི་རགས་ཆེན་གྱི་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་ནས་འབྲི་ཆུའི་ཆུ་ལམ་རྩེ་གྲའི་ནུས་པ་སྐུལ་སློང་བྱས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། འབྲི་ཆུའི་འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་གསར་པར་ཏུན་ཁྲི་ཟིན་པའི་གྲུ་གཟིངས་ཆེན་པོར་བརྟེན་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།