འགྲོ་ལམ་མི་སྒྱུར་བ་དང་བློ་སྟོབས་མི་ཉམས་པར་རླུང་བརྟེན་རླབས་གཤགས་ཀྱིས་མདུན་སྐྱོད་བྱས་ཚེ་ཁ་ཕྱོགས་འཛོལ་མི་སྲིད།
—— རང་ལྗོངས་ཀྱི་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ།
ཟླ་7ཚེས་1ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་ཡིད་ཆེས་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་བྱེད་པར“ངེས་པར་དུ་ལྔའི”བླང་བྱ་ཁ་གསལ་བཏོན་གནང་ཡོད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རྒྱ་ཆེའི་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ་དང་། ཏང་གི་སློབ་གྲྭའི་དགེ་རྒན། མཐོ་སློབ་ཀྱི་མཁས་དབང་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་མཐའ་འཁྱོངས་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་ནས། རྒྱང་ལམ་གསར་པར་འགྲོ་ལམ་མི་སྒྱུར་བ་དང་བློ་སྟོབས་མི་ཉམས་པའི་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་སྔ་འཛིན་ཕྱི་གཏོད་དང་གཞུང་འཁྱོངས་གསར་འབྱེད་ཇི་ལྟར་བྱེད་དགོས་མིན་སྐོར་གྱི་ལས་ཀའི་འཆར་གཞི་དང་། སློབ་ཁྲིད་ཀྱི་འཆར་འགོད། དངོས་སྒྲུབ་ཀྱི་བྱེད་ཐབས་བཅས་ལྷུག་པོར་གླེང་བ་རེད།
སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ནི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་འཆད་འགྲེལ་ཐད་མདུན་དུ་བསྐྱོད་ནས་མིག་དཔེ་སྟོན་དགོས།
རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དེང་རབས་བོད་ལྗོངས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ལེན་ཁྲེང་གོ་ཡིས། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོང་མི་སྲིད་པ་ལོ་རྒྱུས་ཀྱིས་ར་སྤྲོད་ཁུངས་བཙན་བྱས་ཡོད། སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ལས་གནས་ཐོག་མུ་མཐུད་གཞི་ཚུགས་ནས་ཐབས་འདོན་ཇུས་འབུལ་བྱེད་པ་དང་། རང་འགུལ་ངང་འགན་འཁྲི་ཁུར་ནས་བྱས་རྗེས་འཇོག་པ། ས་མཐོའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དྲང་ནུས་རང་འགུལ་ངང་བརྒྱུད་བསྒྲགས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་རྒྱུ་ཡིན་ཞེས་བརྗོད།
“ང་ཚོས་གཙོ་འགན་གཙོ་ལས་ལ་གཞི་ཚུགས་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་སློབ་ཁྲིད་ཀྱི་གཞུང་འཁྱོངས་གསར་འབྱེད་ལ་སྐུལ་འདེད་གཏོང་བའི་ཐད་དངོས་ཐབས་འདོན་པ་དང་ཕན་འབྲས་དངོས་ཐོན་པར་བྱ་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སློབ་དཔྱོད་པུའི་ཀྲུའུ་རེན་དང་དགེ་རྒན་ཆེ་མོ་བ་ཆོས་འཛོམས་ཀྱིས་བརྗོད་པ་དང་ཁོང་གིས། “འགྲོ་ལམ་མི་སྒྱུར་བ”བྱེད་པར་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་སློབ་ཁྲིད་བྱ་ཡུལ་གཙོ་བོར་བརྩིས་ཏེ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པའི་ཆེད་དོན་སློབ་ཁྲིད་གསར་སྤེལ་བྱས་ནས་སློབ་མ་ཚོར“གཏན་འཁེལ་གཉིས”ཁོང་དུ་གཏིང་ཟབ་ཆུད་པར་ཁྲིད་སྟོན་བྱེད་དགོས། “བློ་སྟོབས་མི་ཉམས་པ”བྱེད་པར་སློབ་གྲྭས་འཐབ་ཇུས་ཀྱི་ངེས་ཤུགས་ལ་དམིགས་ནས་བོད་ཀྱི་ཏང་འཛུགས་སྐྱོང་གི་ཆེད་དོན་ཞིབ་འཇུག་ལས་དོན་སྤེལ་བ་དང་། ཏང་གི་ལོ་རྒྱུས་ཀྱི་དཔེ་མཚོན་དང་ས་གནས་ས་ཐོག་གི་སློབ་ཁྲིད་མཉམ་འདྲེས་བྱེད་སྟངས་གསར་གཏོད་བྱེད་པ། ས་མཐོའི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་དབྱིངས་ཞུགས་རྣམ་པའི་སློབ་གསོའི་སློབ་ཁང་གཏོད་པ། “གཞི་རྩ་གསུམ”ནང་སེམས་སུ་ཟུག་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཞིག་རྒྱུན་མཐུད་སྐྱེད་སྲིང་བྱེད་དགོས་ཞེས་བརྗོད།
འགྲོ་ལམ་མ་བསྒྱུར་ན་གཞི་ནས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པ་དང་། བློ་སྟོབས་མ་ཉམས་ན་གཞི་ནས་རླུང་བརྟེན་རླབས་གཤགས་བྱེད་ཐུབ། རང་ལྗོངས་ཀྱི་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ཀྱི་ཚད་གཞི་སྔར་བས་བརྟན་པོར་འཛུགས་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་སྔར་བས་བརྟན་པོར་སྲུང་བ། དངོས་སྒྲུབ་ཀྱི་ངར་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།