དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐྱེ་ཁམས་ཁོར་ཡུག་པུའུ་སོགས་སྡེ་ཚན་6གིས་མཉམ་དུ་འཆར་འགོད་བཀྲམ་པ།

    ས་རྒྱུ་དང་། ས་འོག་ཆུ། ཞིང་ལས་དང་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་ཤུཌ་སྣོན་རྒྱག་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-20

    ཉེ་ཆར། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་སྡེ་ཚན་6གིས་མཉམ་དུ《ས་རྒྱུ་དང་། ས་འོག་ཆུ། ཞིང་ལས་དང་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་བཅས་ལ་སྲུང་སྐྱོང་བྱེད་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་པ་རེད།

    2035ལོའི་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པའི་དམིགས་ཚད་ལ་གཞིགས་ཏེ། 《འཆར་འགོད》ནང་དུས་མཚམས་ཀྱི་དམིགས་ཚད་གཏན་འཁེལ་ཁ་གསལ་བྱས་པ་སྟེ། 2030ལོར་སླེབས་སྐབས་ཞིང་སྤྱོད་ས་ཆ་དང་འཛུགས་སྐྲུན་ས་ཆའི་ས་རྒྱུའི་ཁོར་ཡུག་བདེ་འཇགས་ལ་འགན་ལེན་གང་ལེགས་ཐུབ་པ་དང་། ས་རྒྱུ་དང་ས་འོག་ཆུའི་ཁོར་ཡུག་གི་སྤུས་ཚད་བརྟན་ཐོག་ཡར་འཕེལ་འགྲོ་བ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་ཡོང་བར་བྱ་རྒྱུ་རེད།

    འཛུགས་སྐྲུན་ས་ཆའི་ས་རྒྱུ་སྦགས་བཙོག་འགོག་བཅོས་ཐད། 《འཆར་འགོད》ནང་གཏན་འཁེལ་ཁ་གསལ་བྱས་པ་སྟེ། ཁེ་ལས་ཀྱིས་ས་རྒྱུར་སྦགས་བཙོག་གསར་པ་བཟོ་བར་གཏན་འགོག་དང་། རྫས་འགྱུར་བཟོ་ལས་སོགས་ལས་རིགས་གཙོ་གནད་དུ་འཛིན་པ། འབྱུང་རྩ་ནས་སྔོན་འགོག་དང་ཚོད་འཛིན་མངོན་གསལ་དོད་པོ་བཅས་བྱས་ཏེ། ས་རྒྱུ་སྦགས་བཙོག་ཏུ་གྱུར་པར་མ་བྱུང་སྔོན་འགོག་བྱེད་པའི་ལས་དོན་དེ་འགན་འཁྲིའི་བྱེད་པོ་ཁ་གསལ་ལ། བཅོས་སྐྱོང་ནུས་པ་ལྡན་པ་དང་མ་དངུལ་འགན་ལེན་ཐུབ་པའི་ཁེ་ལས་ཀྱིས་རྒྱུན་གནས་དུས་མཚམས་ནས་སྤེལ་དགོས། ཕྱིར་བསློགས་པའི་ས་ཆ་སྦགས་བཙོག་ཏུ་གྱུར་པའི་ཉེན་ཁར་ཚོད་འཛིན་ནན་པོ་བྱས་ཏེ། འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྦགས་བཙོག་ཏུ་གྱུར་པའི་ཉེན་ཁར་དོ་དམ་ཚོད་འཛིན་དང་ཉམས་གསོའི་མིང་གཞུང་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ནས། བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་དོ་དམ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས།

    ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ཐད། 《འཆར་འགོད》ནང་གཏན་འཁེལ་ཁ་གསལ་བྱས་པ་སྟེ། ཆུ་འགོ་དང་ས་ཁོངས་ཁོར་ཡུག་ལ་མཐུན་སྦྱོར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫས་དངོས་ཧྥུལ་གྲུབ་མ་དང་ལྕགས་རིགས་ལྕི་གྲས་སོགས་ལ་མི་མངོན་པའི་སྦགས་བཙོག་གི་ཉེན་ཁ་ལྡན་མིན་གྲལ་བཤེར་བྱས་ཏེ། ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ཁུལ་གཏན་འཁེལ་བྱས་ནས། “ཆུ་འགོ་རྐྱང་པར་སྲུང་སྐྱོང་བྱེད་པ”ནས“ས་ཁོངས་ཧྲིལ་པོའི་ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི”བར་འཐབ་ཇུས་སྣུར་སྲིང་ཐུབ་པར་བྱེད་དགོས།

    མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད། 《འཆར་འགོད》ནང་གཏན་འཁེལ་ཁ་གསལ་བྱས་པ་སྟེ། རྫོང་ཁོངས་དེ་ཉིད་གྲོང་གསེབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་གཞི་རྩའི་ཚན་པར་བརྩིས་ནས། སྤྱི་ཡོངས་འཆར་འགོད་དང་། ཡུག་སྦྲེལ་བཅོས་སྒྲིག བརྒྱུད་རིམ་ལྡན་པའི་ཉམས་གསོ་བཅས་མཐའ་འཁྱོངས་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ཁྱབ་ཁོངས་ཡོངས་སུ་ཁྱབ་པར་རིམ་བཞིན་སྐུལ་འདེད་གཏོང་དགོས། ཕན་འབྲས་ཆུང་བ་དང་ཕན་འབྲས་མེད་པའི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་ལེགས་གཏོང་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་ཆུ་ཕྲན་གྱི་གྲལ་བཤེར་བཅོས་སྒྲིག་ལས་དོན་ལ་རིམ་པ་བཞིན་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།