རྒྱལ་ཡོངས་བཟོ་ཚོགས་ཁོངས་གཏོགས་ཀྱིས“ངལ་རྩོལ་དཔེ་བཟང་བཟོ་བོས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད”ཧུར་ཐག་སྤེལ་བ།
ཉེ་ཆར། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རྒྱལ་ཁབ་ཆེན་པོའི་བཟོ་བོ་20ཡིས་མཚོ་སྔོན་གྱི་བཟོ་བོ་དང་མཉམ་དུ་ས་གནས་དེ་གའི་ཚྭ་མཚོའི་ཐོན་ལས་དང་། ནུས་རྒྱུ་གཙང་མ། སྐྱེ་དངོས་སྨན་སྦྱོར། གློག་ཤུགས་འཁོར་རྒྱུག་དང་ཉམས་བཟོ། རིག་ནུས་བཟོ་སྐྲུན་སོགས་ཁྱབ་ཁོངས་སུ་བསྐྱོད་དེ། ཁེ་ལས་ཚན་པ་13ལ་ལག་རྩལ་གྱི་གནད་དོན་ཁག་147ཐག་གཅོད་བྱེད་རོགས་བྱས་པ་རེད།
“ངལ་རྩོལ་དཔེ་བཟང་བཟོ་བོས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད”ནི་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། རིམ་ཁག་བཟོ་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་བཟོ་བོའི་གསར་གཏོད་ལས་དོན་ཁང་གི་མནའ་འབྲེལ་དང་། ངལ་རྩོལ་དཔེ་བཟང་མཐུན་ཚོགས། བཟོ་བོའི་སློབ་གླིང་སོགས་ལ་བརྟེན་ནས་ཞབས་ཞུ་རུ་ཁག་5000ལྷག་ཙམ་བཙུགས་ཏེ། དྲ་ཐོག་དང་དྲ་ཕྱི་གཉིས་ཀར“ངལ་རྩོལ་དཔེ་བཟང་བཟོ་བོས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད”སྤེལ་ནས། སྲོལ་རྒྱུན་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་དང་། གསར་དར་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་འཚར་ལོངས་བཅས་ལ་ཞབས་འདེགས་ཞུ་རིང་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པ་རེད།
2026ལོ་ནས་བཟུང་། རིམ་ཁག་བཟོ་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་བཟོ་བོ་མི་ཐེངས་ཁྲི་5ལྷག་ཙམ་ཁེ་ལས་ཁྲི་3.1ལ་ཞབས་འདེགས་ཞུ་བར་མངགས་ཏེ། ལག་རྩལ་གྱི་གནད་དོན་ཁྲི་4.3ཐག་གཅོད་བྱེད་རོགས་བྱས་པ་དང་། ལས་བཟོ་མི་ཐེངས་ཁྲི་61.4ལ་གསོ་སྦྱོང་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།