ཧྲན་ཏུང་ཅི་ནན་གྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཅི་ནན་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་བཏོད་ནས། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། རིག་ནུས་སྒྲིག་ཆས། སྐྱེ་དངོས་སྨན་རྫས་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ་སྟོབས་ཆེར་གཏོང་བའི་རྨང་གཞིའི་ཐོག མི་ཐབས་རིག་ནུས་དང་། དམའ་དབྱིངས་དཔལ་འབྱོར། འདྲེས་སྦྱོར་སྐྱེ་དངོས་སོགས་ཀྱི་ཐོན་ལས་བཀོད་སྒྲིག་བྱས་ཏེ། ས་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་མཐུན་རྐྱེན་སྦྱར་བ་རེད། འདི་ནི་ཀུང་སི་ཞིག་གི་ལས་མིས་སྐུལ་འོད་གཅོད་འབྲེག་སྒྲིག་ཆས་སྙོམས་སྒྲིག་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།