དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྕགས་ལམ་སྡེ་ཚན་གྱིས་ཉིན་60ཡི་སྔོན་ནས་སྤ་སེ་མངགས་ཉོའི་ཚོད་ལྟ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-20

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་འགྲུལ་སྐྱེལ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་20ཉིན་ནས་བཟུང་། ལྕགས་ལམ་སྡེ་ཚན་གྱིས་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་པེ་ཅིང་ནས་ཧྲང་ཧའེ་བར་གྱི་ལྕགས་ལམ་གྱི་མེ་འཁོར་གཏོང་ཐེངས་200ལྷག་ཙམ་གྱི་མེ་འཁོར་སྤ་སེ་མངགས་ཉོའི་ཚོད་ལྟ་སྤེལ་རྒྱུ་ཡིན་པ་རེད། འགྲུལ་པས་ལྕགས་ལམ་གྱི་12306ལག་ཐོགས་ཁ་པར་སྤྱོད་སྣེའི“སྤ་སེ་སྔོན་མངགས”ཆེད་སྟེགས་བརྒྱུད། མེ་འཁོར་མ་བཏང་གོང་གི་ཉིན་དྲུག་ཅུ་ནས་བཅུ་བདུན་བར་དུ་སྔོན་མངགས་ཀྱི་དགོས་མཁོ་ཐོ་འགོད་བྱེད་ཆོག་པ་དང་། ལྕགས་ལམ་གྱི་12306མ་ལག་གིས་མེ་འཁོར་མ་བཏང་གོང་གི་ཉིན་ཉི་ཤུ་ནས་བཅུ་དྲུག་བར་དུ་སྔོན་མངགས་བྱས་པ་རྣམས་དོན་འཁྱོལ་ཐུབ་པ་བྱ་རྒྱུ་རེད།

    རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་ལྟེ་གནས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་མངགས་བྱས་ནས་སྤ་སེ་ཉོ་བ་དེས་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པའི་ཕྱིར་སྐྱོད་དགོས་མཁོ་སྔ་སྣུར་དུ་ཤེས་རྟོགས་བྱས་ཏེ། སྐྱེལ་འདྲེན་ནུས་པའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ་དང་། སྤ་སེ་བགོ་བའི་ལམ་སྲོལ་ལེགས་སུ་གཏོང་བ། སྐྱེལ་འདྲེན་ནུས་པ་དང་དགོས་མཁོའི་འབྲེལ་བ་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ནས“དགོས་མཁོ་གཞིར་བཟུང་རླངས་འཁོར་གཏོང་རྒྱུར”ཕན་ཐོགས་ཡོད་པ་དང་། འགྲུལ་པའི་སྤ་སེ་ཉོ་བའི་མྱོང་ཚོར་སྔར་བས་ཟབ་ཏུ་བཏང་ནས་འགྲུལ་ལམ་སྔ་སྣུར་དུ་འཆར་འགོད་བྱེད་པར་ཆ་རྐྱེན་ཡག་པོ་སྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།