དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《འོས་སྐུལ་འོས་སྤྲོད་ཁྱབ་ཁོངས་ཀྱི་ཡིད་རྟོན་དོ་དམ་གྱི་གནས་སྐབས་བྱ་ཐབས》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-20

    ཉིན་ཤས་གོང་། འོས་སྐུལ་འོས་སྤྲོད་ཁྱབ་ཁོངས་ཀྱི་ཡིད་རྟོན་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། སྤྱི་པའི་ཡིད་རྟོན་གདེང་འཇོག་དང་གདེང་འཇོག་བྱས་འབྲས་བཀོལ་སྤྱོད་ཚད་ལྡན་དུ་གཏོང་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་8ཀྱིས་མཉམ་དུ《འོས་སྐུལ་འོས་སྤྲོད་ཁྱབ་ཁོངས་ཀྱི་ཡིད་རྟོན་དོ་དམ་གྱི་གནས་སྐབས་བྱ་ཐབས》བཀྲམ་ཞིང་། 2027ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

    གནས་སྐབས་བྱ་ཐབས་དེས་སྤྱི་པའི་ཡིད་རྟོན་ཆ་འཕྲིན་གྱི་འཁོར་འབྲེལ་ཧྲིལ་པོའི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ཏེ། བླང་བྱ་རབ་དང་རིམ་པ་བཏོན་ནས། སྤྱི་པའི་ཡིད་རྟོན་ཆ་འཕྲིན་འོས་སྐུལ་འོས་སྤྲོད་བྱེད་རིང་དེ་བས་ལེགས་པའི་ངང་བཀོལ་སྤྱོད་ཐུབ་པར་སྐུལ་འདེད་བཏང་ཡོད། འོས་སྐུལ་བྱེད་མཁན་དང་། འོས་སྤྲོད་བྱེད་མཁན། འོས་སྐུལ་ལས་ཚབ་སྒྲིག་གཞི། འོས་དཔྱད་རིགས་གཅིག་མཁན་ཅན་བཅས་འོས་སྐུལ་འོས་སྤྲོད་ནང་ཞུགས་མཁན་གྱི་བྱེད་པོ་རིགས་4ལ་དམིགས་ཏེ། ཡིད་རྟོན་གཅུན་འདོམས་ཀྱི་གནས་ཚུལ་ཞིབ་ཕྲ་དང་བྱ་ཐབས་རེ་རེ་བཞིན་ཁ་གསལ་བཟོས་ཡོད། སྤྱི་པའི་ཡིད་རྟོན་གདེང་འཇོག་དང་བཀོལ་སྤྱོད་ཀྱི་ལྗོངས་རྣམ་རྒྱ་སྐྱེད་ཚད་ལྡན་དུ་གཏོང་བའི་ཐད་བླང་བྱ་ཞིབ་ཕྲ་བཏོན་ནས། སྤྱི་པའི་ཡིད་རྟོན་གདེང་འཇོག་བྱས་འབྲས་དེ་འོས་སྐུལ་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་ཟབ་ཏུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།