ལས་བྱེད་པ་དང་མང་ཚོགས་ལག་གདང་སྦྲེལ་ནས་འགྲོ་ལམ་ཤར་གཏོང་ལ་འབད།

དུས་ཐུང་གི་དྲག་ཆར་བབས་པའི་གནམ་གཤིས་ཀྱིས་རྐྱེན་པས་ཧུའུ་པེ་ཞིང་ཆེན་ཨེན་ཧྲེ་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་པཱ་ཏུང་རྫོང་ཀོན་ཏུའུ་ཁོའུ་གྲོང་རྡལ་གྱི་གྲོང་སྡེའི་འགྲོ་ལམ་ཁག་གཅིག་ཏུ་འདམ་སྙིགས་འཁྱིལ་བ་དང་འདམ་ཆུ་ཡག་པོ་འབུད་མ་ཐུབ་པར་ལམ་ངོས་འདམ་རྫབ་ཀྱིས་ཁེངས་ནས་མང་ཚོགས་ཀྱི་འཚོ་བ་དང་འགྲོ་སྐྱོད་མི་བདེ་བས། ས་གནས་དེ་གས“མི་ཐབས་ཀྱིས་གཙང་བཟོ+འཕྲུལ་ཆས་ཀྱིས་གཙང་འདྲེན”གྱི་ཐབས་ཤེས་སྤྱད་ནས་མི་ཐབས་ཀྱིས་ལམ་ངོས་ཀྱི་འདམ་རྫབ་གཙང་སེལ་བྱས་པ་མ་ཟད། ལམ་སྐྱོར་དང་། ཆུ་འབུད་མདོང་དྲ་སོགས་སྒྲིག་བཀོད་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཆུ་འབྲུབ་རྗེས་ཀྱི་ཉེན་ཁ་སྣ་ཚོགས་བསལ་ཡོད། འདི་ནི་ཝུའུ་ལི་ཏུའེ་སྡེ་ཁུལ་དུ་ཏང་ཡོན་ལས་བྱེད་པས་སྦྱག་མ་ཁྱེར་ནས་ལམ་ངོས་ཀྱི་འདམ་རྫབ་གཤོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།