《ཁྲལ་དོན་སྲིད་འཛིན་ཆད་གཅོད་ཀྱི་ཚད་གཞིར》ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་པ།
ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ནས《ཁྲལ་དོན་སྲིད་འཛིན་ཆད་གཅོད་ཀྱི་ཚད་གཞི(2026ལོའི་པར་གཞིར)》ཚེས་15ཉིན་ནས་བཟུང་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་ཀྱི་ཡོད།
ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་སི་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་བྱང་ཤར་དང་། ལྷོ་ནུབ། ནུབ་བྱང་། ཧྭ་བྱང་། ཧྭ་ཤར་སོགས་ས་ཁོངས་ཀྱིས་སྔ་རྗེས་སུ་ས་ཁོངས་ནང་ཁུལ་གྱི་ཁྲལ་དོན་སྲིད་འཛིན་ཆད་གཅོད་ཀྱི་ཚད་གཞི་གཅིག་གྱུར་བྱས་ནས་ཁྲལ་བསྡུའི་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བ་དང་ཁྲལ་དངུལ་བསྡུ་ཤུགས་ཆེ་རུ་གཏོང་བ་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཏེ། རྒྱལ་ཡོངས་རིམ་ངོས་ནས་ཁྲལ་དོན་སྲིད་འཛིན་ཆད་གཅོད་ཀྱི་ཚད་གཞི་གཅིག་གྱུར་ཡོང་བར་རྨང་གཞི་བཏིང་ཡོད། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《ཁྲལ་དོན་སྲིད་འཛིན་ཆད་གཅོད་ཀྱི་ཚད་གཞི(2026ལོའི་པར་གཞི)》ཞིབ་འཇུག་བྱས་ནས་བཟོས་ཏེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གཅིག་གྱུར་གྱི་ཁྲལ་དོན་སྲིད་འཛིན་ཆད་གཅོད་ཀྱི་ཚད་གཞི་ལག་བསྟར་བྱས་པ་དེ་གཞི་རིམ་གྱི་ཁྲལ་དོན་ཁྲིམས་སྒྱུར་དང་སྤྱི་ཚོགས་སྤྱི་དམངས་ཀྱི་རེ་སྒུག་དང་མཐུན་ཡོད།
ད་ཐེངས་ཀྱི་བསམ་འཆར་བསྡུ་ལེན་དེ་ཟླ་8ཚེས་13ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་སྤྱི་དམངས་ཀྱིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་དྲ་ཚིགས་ཐོག་ཞུགས་པ་དང་སྦྲག་ཡིག་བསྐུར་བ་སོགས་ཀྱི་བྱ་ཐབས་བརྒྱུད་བསམ་འཆར་དང་གྲོས་འགོ་འདོན་ཆོག་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།