བྱེ་ཐང་དུ་ཀྲུང་མོང་རྒྱལ་སྒྲོལ་ལྕགས་ལམ་ཤར་གཏོང་ཐུབ་པ།

ད་ལོའི་ཟླ་1ཚེས་1ཉིན་ནས་ཟླ་6ཚེས་1ཉིན་བར། ཀན་ཆོན་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་800.95ཟིན་པ་དེ་དུས་མཚུངས་ལས་ཏུན་ཁྲི་305འཕར་བ་དང་འཕར་ཚད་61.5%ཟིན་ཡོད། ཀན་ཆོན་ལྕགས་ལམ་གྱི་བྱང་ནི་ཀྲུང་མོང་མཐའ་མཚམས་ཀྱི་ནང་སོག་པཱ་ཡན་ཀྲོར་གྲོང་ཁྱེར་ཝུའུ་ལཱ་ཐེ་ཀྲུང་ཆིའི་མངའ་ཁོངས་ཀྱི་ཀན་ཆི་མའོ་ཏུའུ་འགག་སྒོ་ནས་འགོ་ཚུགས་པ་དང་ལྷོ་ནི“རྩྭ་ཐང་གི་ངར་ལྕགས་གྲོང”པའོ་ཐོའུ་གྲོང་ཁྱེར་དབན་ཧྲུའེ་ཆོན་གྲོང་རྡལ་བར་ཡིན་ཞིང་། འདི་ནི་བཟོ་པས་ཀན་ཆི་མའོ་ཏུའུ་འབབ་ཚུགས་སུ་ལས་ཀ་བྱེད་བཞིན་པ།
ཀྲུང་གོས་ཡངས་པའི་བྱེ་ཐང་སྟེང་ལྕགས་ལམ་གྱི་སྦྲེལ་ཟམ་ཆེན་པོ་ཞིག་བསྐྲུན་ཡོད། ལྕགས་ལམ་དེ་ཀྲུང་གོའི་ཀན་ཆི་མའོ་ཏུའུ་འགག་སྒོ་དང་མོང་གོལ་རྒྱལ་ཁབ་ཀྱི་ཀ་ཧྲུའུ་སུའུ་ཧའེ་ཐུའུ་འགག་སྒོ་དང་གཅིག་ཏུ་སྦྲེལ་ཞིང་། སའི་གོ་ལའི་ཐོག་གི་ཁོར་ཡུག་ཞན་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པའི་གནས་འདིར་ཟོག་འདྲེན་བགྲོད་ལམ་གལ་ཆེན་ཞིག་བཏོད་ཡོད།
ལྕགས་ལམ་རྣམ་གྲངས་དེས་བྱེ་ཐང་ཐོག་ལྕགས་ལམ་སྟབས་བདེ་ཞིག་བཏིང་བ་ཙམ་མིན་པར། དེ་བས་གོ་ལ་ཧྲིལ་པོའི་ཚོང་དོན་དང་། གཏེར་རྫས་མཁོ་སྤྲོད་འཁོར་འབྲེལ། ནུས་རྒྱུའི་བདེ་འཇགས་རྣམ་པ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན་གྱི་ཡོད། སྔོན་དཔག་བྱས་ན་ལོར་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་3000ཙམ་ཟིན་པར་སྐྲུན་བཞིན་པའི་རྒྱལ་སྒྲོལ་ལྕགས་ལམ་དེས་ཀྲུང་མོང་རྒྱལ་ཁབ་གཉིས་པོའི་ཐོན་ཁུངས་གལ་ཆེན་སྐྱེལ་འདྲེན་བྱ་རྒྱུ་རེད།
1956ལོར་ཨེར་ལེན་ཧའོ་ཐེ་ནས་ཀྲ་མོན་ཝུའུ་ཏེ་བར་གྱི་ཀྲུང་མོང་ལྕགས་ལམ་ཐོག་མ་དེ་ཤར་གཏོང་ཐུབ་ཅིང་། ལོ་70ཙམ་སོང་རྗེས་ལྕགས་ལམ་ལས་གྲྭ་གསར་ཤོས་དེས་རྒྱལ་ཁབ་གཉིས་པོའི་ཚོང་དོན་འགྲོ་འོང་རྒྱུན་མཐུད་མང་དུ་སོང་ནས་སྐྱེལ་འདྲེན་བགྲོད་ལམ་ཆེན་པོ་གཉིས་པ་དེ་བཏོད་ཡོད།
ཉེ་དུས་བཟོ་པ་ཚོས་ཀྲུང་གོ་ཕྱོགས་ཀྱི་ལམ་དུམ་གྱི་Tདབྱིབས་ཟམ་གདུང་94བཏིང་ཟིན་ཡོད། ཟམ་པ་དེ་དག་གི་རིང་ཚད་ལ་སྨི་24དང་དེ་མིན་གྱི་32ཡོད་པ་དང་། ཟམ་གདུང་རྐྱང་པའི་ལྗིད་ཚད་ལ་ཏུན་149.5ཡོད།
—— རྒྱ་གར《དཔལ་འབྱོར་སྐབས་དོན་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།