ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁམ་ཕུ་ཁྲེའི་གཞུང་ལམ་སྒྱུར་བཀོད་རྣམ་གྲངས་ལེགས་གྲུབ་ཟིན་ནས་རླངས་འཁོར་ཤར་གཏོང་གི་མཛད་སྒོ་འཚོགས་པ།

ཉེ་ཆར། ཀྲུང་གོ་ལམ་ཟམ་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་སྐྲུན་འགན་འཁུར་བའི་ཁམ་ཕུ་ཁྲེའི་གཞུང་ལམ་ཨང་7པའི(སི་ཁུན་ནས་པང་ཀྲན་བར་གྱི་དུམ་བུ)རིམ་སྤོར་སྒྱུར་བཀོད་རྣམ་གྲངས་སྐྲུན་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་འཚོགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། གཞུང་ལམ་དེ་ནི་ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་ནས་ཕྱི་ཕྱོགས་སུ་འགྱེད་པའི་མ་ལམ་8ཀྱི་གྲས་ཤིག་ཡིན་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་45.504ཡོད་པ་རེད། རྣམ་གྲངས་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ས་ཁོངས་ཀྱི་ལམ་དྲའི་གྲུབ་ཆ་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ས་ཁོངས་ནང་གི་ཕྱོགས་བསྡུས་སྐྱེལ་འདྲེན་ནུས་པ་ལེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ནི་མཁའ་ཐོག་ནས་པར་བརྒྱབ་པའི་གཞུང་ལམ་ཨང་7པ(སི་ཁུན་ནས་པང་ཀྲན་བར་གྱི་དུམ་བུ)ཡིན་པ།
འབྲེལ་ཡོད་གསར་འགྱུར།