དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ཐཱན་ཚི་སྣའི་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་བསྐྱེད་གཏོང་བར་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-20

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་གནས་ཚུལ་འབྱོར་བ་ལྟར་ན། ད་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“གསོག་ཚད་བརྟན་པོ་དང་། འཕར་ཚད་ཆེར་གཏོང་། བྱེད་པོ་སྐྱེད་སྲིང་། བགྲོད་ལམ་ཆེར་གཏོང”བཅས་ཀྱི་ལས་ཀའི་གཙོ་རྐང་ལ་དམ་པོར་དམིགས་ནས་ཐཱན་ཚི་སྣའི་ཐོན་ལས་ཚད་བརྒལ་བྱེད་སར་བརྩིས་ཏེ་བྱེད་པོ་སྐྱེད་སྲིང་དང་། ཁྲོམ་ར་གསར་འབྱེད། ཚད་ལྡན་ཞབས་ཞུ་སོགས་ཀྱི་ཐད་ཤུགས་གནད་སྨིན་བཏོན་ནས་ཐཱན་ཚི་སྣ་ཕྱིར་གཏོང་བྱེད་ཚད་གང་མགྱོགས་འཕར་བར་སྐུལ་འདེད་བཏང་བ་རེད། ཟླ་དང་པོ་ནས་ལྔ་པའི་བར། ཀྲུང་ཧྥུའུ་ཧྲེན་དབྱིང་ཐཱན་ཚི་སྣ་ཟི་ལིང་ཚད་ཡོད་ཀུང་སིས་ཕྱིར་གཏོང་སྒོར་ཁྲི་2160བྱས་པ་དེ་དུས་མཚུངས་ལས་ལྡབ་3འཕར་ནས་ཞིང་ཆེན་ཡོངས་ཀྱི་ཐཱན་ཚི་སྣ་ཕྱིར་གཏོང་བྱེད་ཚད་རྒྱུན་མཐུད་འཕར་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།

    ཞིང་ཆེན་ཚོང་དོན་ཐིང་གིས་ཀན་ཧོ་བཟོ་ལས་གླིང་ལ་ཐཱན་ཚི་སྣའི་ཐོན་ལས་འཁོར་འབྲེལ་གྱི་གནད་སྨིན་ཚོང་འགུགས་བྱེད་པར་མཛུབ་ཁྲིད་བྱས་ཏེ་ཐཱན་ཚི་སྣ་བེད་སྤྱོད་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཁྱབ་ཁོངས་ལ་དམིགས་ནས་ཚོང་འགུགས་རྣམ་གྲངས་འཆར་འགོད་ཞིབ་ཚགས་བྱས་པ་རེད། ཀྲུང་ཧྥུའུ་ཧྲེན་དབྱིང་སོགས་སྣེ་འདྲེན་ཁེ་ལས་ཀྱི་ཕྱིར་གཏོང་གཞི་ཁྱོན་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་ཚོང་འགུགས་མ་འདྲེན་བརྒྱུད་ཐཱན་ཚི་སྣའི་ཕྱིར་གཏོང་ཁེ་ལས་གསར་པ་ནང་འདྲེན་བྱས་ནས་ཕྱིར་གཏོང་ཁྲོམ་རའི་བྱེད་པོ་གསར་སྣོན་བྱས་ཡོད། བྱེད་པོ་དེས་ཐཱན་ཚི་སྣའི་སྨད་རྒྱུད་ཀྱི་ཐོན་ལས་འཁོར་འབྲེལ་ཐོན་རྫས་སྣུར་སྲིང་བྱས་པས་ཐཱན་ཚི་སྣའི་ཐོན་སྐྱེད་འཁོར་འབྲེལ་སྔར་བས་སྣུར་སྲིང་ཐུབ་སྟེ་ཐཱན་ཚི་སྣ་དེ་མ་བཅོས་རྒྱུ་ཆ་ཕྱིར་གཏོང་ནས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་ཕྱིར་གཏོང་རིམ་སྤོར་བར་ལ་སྐུལ་འདེད་བཏང་བ་རེད།

    ཟླ་6པའི་ཟླ་དཀྱིལ་དུ། ཞིང་ཆེན་ཚོང་དོན་ཐིང་གིས་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཧང་ག་རིར་ཀྲུང་གོའི་སྤུས་རྟགས་ཚོང་ཟོག(ཡོ་རོབ་དབུས་ཤར)འགྲེམས་སྟོན་ལ་ཞུགས་པར་ཀྲུང་ཧྥུའུ་ཧྲེན་དབྱིང་ཁེ་ལས་ཀྱིས་T700རིམ་པ་དང་T800རིམ་པའི་ནུས་ཆེའི་ཐཱན་ཚི་སྣའི་ཐོན་རྫས་འགྲེམས་ཚོགས་ནང་སྟོན་ནས་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཐཱན་ཚི་སྣའི་སྨད་རྒྱུད་ཀྱི་ཉེར་སྤྱོད་ཁེ་ལས་དང་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་བྱས་པ་རེད། པེ་ཅིང་དུ་མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ལེགས་ཐོན་རྫས་འགྲེམས་སྟོན་གླེང་མོལ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་ཡོངས་བསྒྲགས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་ནས། “ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ལེགས་ཐོན་རྫས”དང“མཚོ་སྔོན་གྱི་ཚོང་ཟོག་ཡག་པོ”སོགས་ཀྱི་འགྲེམས་སྟོན་ཁུལ་བཀོད་སྒྲིག་བྱས་ཏེ་རྒྱུ་ཆ་གསར་པ་སོགས་ཟུར་སྣོན་རིན་ཐང་མཐོ་བའི་བཟོ་ལས་ཕྱིར་གཏོང་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།