དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཧི་མ་ལ་ཡའི་མཐའ་འཁོར་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2026-07-20

    བློ་ཁ་མཐུན་ནས་རི་དང་མཚོ་བརྒལ། ལག་གདང་སྦྲེལ་ནས་རྒྱང་ལམ་བཏོད། ཟླ་7ཚེས་17ཉིན། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་ཉིང་ཁྲིར་འགོ་ཚུགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན“བོད་ཀྱི་སྔོ་ལྗང་ཁུལ”དུ་འཛོམས་ནས་སྒོ་དབྱེ་དང་། མཉམ་ལས། གཉིས་ཕན་བཅས་ཀྱི་ཁ་ཆད་མཉམ་དུ་ལག་ལེན་བསྟར་ཏེ། ཧི་མ་ལ་ཡའི་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་དང་ས་ཁོངས་མཉམ་ལས་ཟབ་ཏུ་གཏོང་བའི་ལེའུ་གསར་པ་མཉམ་དུ་བརྩམ་རྒྱུ་རེད། ང་ཚོས་གླེང་སྟེགས་གཉེར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་གི་ཡིན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཞིང་། 2018ལོ་ཚུན་དུ། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་བདེ་བླག་ངང་གཉེར་ཞིང་། རིམ་རྩིས་བརྒྱབ་ན། རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་དང་། དེ་བཞིན་རྒྱལ་སྤྱིའི་མཉམ་ལས་རྩ་འཛུགས་20ལྷག་ཙམ་གྱི་འཐུས་མི་ཞུགས་ཡོད། 《ཉིང་ཁྲིའི་གྲོས་འགོ》ཁྱབ་བསྒྲགས་བྱས་པ་ནས་ཁྱབ་ཁོངས་མང་པོར་མཉམ་ལས་ཀྱི་གྲོས་མཐུན་རབ་དང་རིམ་པ་བཞག་པའི་བར་དང་། “ཧི་མ་ལ་ཡའི་མཐའ་འཁོར”གྱི་ཁེ་ལས་མཁས་ཅན་གྱི་རྒྱལ་སྤྱིའི་ཚོགས་འདུ་བདེ་བླག་ངང་འཚོགས་པ་ནས་ས་ཁོངས་ཀྱི་ཕུགས་ཕན་མཉམ་ལས་ལམ་སྲོལ་འཛུགས་པའི་བར“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་ཕྱིན་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ། མཉམ་ལས་ཀྱི་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་བྱུང་ནས་ས་ཁོངས་མཉམ་ལས་དང་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་པའི་སྐར་ཁུང་གལ་ཆེན་ལ་གྱུར་ཡོད།

    ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རི་ཆུ་འབྲེལ་བ་དང་། རིག་གནས་མཉམ་འདྲེས། ལས་དབང་གཅིག་མཐུན་བཅས་ཡིན་ལ། སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། སྐྱེ་ཁམས་སྲུང་སྐྱོང་ཐད་ཚད་མཐོའི་གཅིག་མཚུངས་ཀྱི་ལྟ་ཚུལ་ཡོད་པ་དང་། དེང་རབས་ཅན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པའི་རོགས་ཟླ་ཞིག་ཡིན། ཡུན་རིང་སྤེལ་རེས་དང་མཉམ་ལས་བྱེད་རིང་ཕྱོགས་ཁག་གིས་སྒོ་དབྱེ་དང་སྤེལ་རེས་གཏིང་ཟབ་བྱས་ཚེ། མཉམ་ལས་ལ་གཞི་ནས་གཉིས་ཕན་གྱི་ཐུན་མོང་གི་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་ཏེ་ཀྲུང་གོའི་བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱི་མཛེས་པ་དང་། ཞི་མཐུན་གྱི་མཛེས་པ། རིག་གནས་ཀྱི་མཛེས་པ། མཐུན་སྒྲིལ་གྱི་མཛེས་པ། སྐྱེ་ཁམས་ཀྱི་མཛེས་པ་བཅས་ལས་མཉམ་ལས་རོགས་ཟླ་དེ་བས་མང་བ“གྲོགས་ཚོགས”ནང་ཞུགས་པའི་ཡིད་དབང་འཕྲོག་ཡོད། སྐབས་འདིའི་གླེང་སྟེགས་ཀྱིས“མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་འཕེལ་རྒྱས་དང་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི”ལྟེ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས“ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི”དུས་རབས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ། ཕྱོགས་མང་པོ་ནས་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་སྤེལ་རེས་མཉམ་ལས་ཀྱི་ཆེད་ལས་གླེང་མོལ་གྱི་བར་མཐོངས་བཏོད་པས། ས་ཁོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ནས་ཕྱོགས་ཁག་གིས་སྐྱེ་ཁམས་མཉམ་སྐྲུན་དང་འཕེལ་རྒྱས་མཉམ་སྤྱོད་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་བ་དང་། གོ་སྐབས་གསར་པ་སྐྲུན་པ། བར་མཐོངས་ཆེན་པོ་གཏོད་པ་བཅས་ལ་སྐུལ་འདེད་ཐུབ་ངེས་རེད།

    སྐབས་འདིའི་གླེང་སྟེགས་གོ་སྐབས་སུ་བཟུང་ནས་ཀྲུང་གོའི་བོད་ལྗོངས་ཀྱིས་སྤྲོ་སེམས་འཁོལ་བའི་མཛའ་གྲོགས་དང་། སྒོ་དབྱེ་བསྟུན་མཁན། བག་ཕེབས་གདེང་ཚོད་བཅས་ཀྱི་རྣམ་པའི་ཐོག་ནས་སྤེལ་རེས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། གཉིས་ཕན་གྱི་བར་མཐོངས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་ཧི་མ་ལ་ཡའི་མཐའ་འཁོར་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་གཅིག་མཐུན་ཚོགས་པ། ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱི་གཅིག་མཐུན་ཚོགས་པ། མཉམ་ལས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་བཅས་བཏོད་དེ་མཉམ་ལས་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་ཡག་པོ་ཐོབ་པར་བྱས་ནས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་སྐྱེ་ཁམས་རྨང་གཞི་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། དམངས་སེམས་གཅིག་མཐུན་གྱི་རིག་གནས་རྨང་གཞི་བརྟན་དུ་གཏོང་བ། ས་ཁོངས་རོགས་ལས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་ཧི་མ་ཡའི་མཐའ་འཁོར་གྱི་ཁྱིམ་གཞིས་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།