དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཉིང་ཁྲིར་ལྟ་སྐོར་དང་འཚམས་འདྲིར་སྐྱོད་པ།

    “གངས་ལྗོངས་སྔོ་ལྗང་མཛེས་ལྗོངས་ཁུལ”གྱི་རྣམ་པ་གསར་པར་མྱོང་རོལ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-20

    འདི་ནི་ཟླ་7ཚེས་17ཉིན། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་འཚོག་རིང་། སྐུ་མགྲོན་ཚོས་བོད་ཀྱི་སྲོལ་རྒྱུན་གླུ་གར་འཁྲབ་སྟོན་ལ་ལྟ་བ་དང་རིག་གནས་བསམ་བཀོད་ཐོན་རྫས་ཉོ་བཞིན་པ།

    ཉེ་ཆར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་འཚོག་རིང་། གླེང་སྟེགས་ལ་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོ་རིག་རྫས་འགྲེམས་ཁང་དང་། སྐྱེ་ཁམས་མཛེས་ལྗོངས་ཁུལ། གཞི་རིམ་གྱི་གྲོང་ཚོ་དང་གྲོང་རྡལ་སོགས་སུ་ལྟ་སྐོར་དང་འཚམས་འདྲིར་བསྐྱོད་ནས། ཉིང་ཁྲིའི་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། གྲོང་གསེབ་དར་རྒྱས་སོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་དབྱིངས་ཞུགས་རྣམ་པའི་ཉམས་ལེན་བྱས་པ་རེད། དུས་རབས་གསར་པའི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་ལག་ལེན་གྱི་དཔེ་མཚོན་ལ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོའི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།

    ཚེས་16ཉིན། ལྟ་སྐོར་དང་འཚམས་འདྲིར་ཕེབས་པའི་སྐུ་མགྲོན་ཚོ་ཁག་སོ་སོར་ཉང་ཆུའི་འགྲམ་གྱི་བ་གམ་བོད་ཤར་ལྷོའི་རིག་གནས་ཤུལ་བཞག་བཤམས་མཛོད་ཁང་དང་། འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ། ཉིང་ཁྲིའི་ཀ་ལ་གྲོང་ཚོའི་མཐུན་སྒྲིལ་ཐང་ཆེན་བཅས་སུ་ཕེབས་ཤིང་། ལམ་བར་དུ་སྐུ་མགྲོན་ཚོས་གོམ་འགྲོས་དལ་དུ་བཏང་ནས་ལྟ་སྐོར་བྱེད་ཀྱིན་འགྲེལ་བཤད་ལ་ཉན་པ་དང་། སྐུ་མགྲོན་མི་ཉུང་བ་ཞིག་གིས་པར་ཆས་བཏོན་ནས་ས་མཐོའི་མཛེས་ལྗོངས་པར་དུ་བླངས་ཤིང་། ད་དུང་ཚང་མས་ལྟ་སྐོར་བྱེད་ཀྱིན་མྱོང་ཚོར་སྤེལ་རེས་བྱས་པས། ས་གནས་ས་ཐོག་གི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།

    སྔོ་ཐིང་ངེར་གནས་པའི་ཀ་ལ་གྲོང་ཚོས་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་མི་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཡོད། ཆི་ལིའི་གྲོས་ཁང་འོག་མའི་གྲོས་མི་ཨེར་ནན་ཏུའོ་ཡིས“འདི་གར་རང་བྱུང་མཛེས་ལྗོངས་དང་སྲོལ་རྒྱུན་རིག་གནས་མཉམ་འདྲེས་ཧ་ཅང་ཡག་པོ་བྱུང་འདུག་པས། འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག་ངེས་རེད་འདུག”ཅེས་བརྗོད།

    ཀ་ལ་གྲོང་ཚོའི་ཏང་འཛུགས་སྐྱོང་གིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གྲོང་གསེབ་དར་རྒྱས་གཏོང་སྟངས་ལས་ཆི་ལིའི་གྲོས་མི་གཉིས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཆི་ལིའི་གྲོས་ཁང་འོག་མའི་གྲོས་མི་ཅ་སི་མུའུ་ལིས། ཆི་ལིའི་གྲོང་གསེབ་ཏུ་ཞིང་དུད་མང་ཆེ་བ་ཁ་འཐོར་ངང་རང་བདག་གཉེར་སྐྱོང་བྱེད་པ་དང་གྲོང་པ་ཁྱིམ་མཚེས་དབར་འགྲན་རྩོད་ཆེན་པོ་ཡོད། ཡིན་ནའང་། ཀ་ལ་གྲོང་ཚོར་ཏང་ཀྲི་པུའི་སྣེ་ཁྲིད་འོག་གྲོང་ཚོ་ཡོངས་ཀྱིས་ཡུལ་སྐོར་ཐོན་ལས་མཉམ་དུ་བཀོད་སྒྲིག་བྱས་ཏེ་ཐུན་མོང་ཐོག་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་ཀྱི་འདུག “མཐུན་སྒྲིལ་མཉམ་ལས་ཀྱི་འབྲེལ་བ་དེས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་། ཀ་ལ་གྲོང་ཚོའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ལག་ལེན་གྱི་ཉམས་མྱོང་ལ་ལྟ་ཞིབ་དང་བསམ་གཞིག་བྱེད་རིན་ཆེན་པོ་འདུག”ཅེས་བརྗོད།

    ཚེས་18ཉིན་སྐུ་མགྲོན་ཚོས་ཚོགས་ཆུང་ཁག་བགོས་ཀྱིས་ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་དང་། ཀླུ་ནང་གི་འབྲོག་ར་དང་ནགས་ཚལ། བོད་ལྷོ་རྒྱུད་ཀྱི་ཁམ་བུའི་ལུང་ཤུར། བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ། ནུང་ཧྥུའུ་ཧྲན་ཆོན(བོད་ལྗོངས་ཉིང་ཁྲི)འཐུང་ཆུ་ཚད་ཡོད་ཀུང་སི་སོགས་སུ་འདྲི་རྟོག་ཏུ་བསྐྱོད་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་དུ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོས་བོད་ཀྱི་གསོ་བ་རིག་པའི་རིག་གནས་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱས་པ་དང་། བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་བྱེད་སྟངས་ལ་བརྒྱུད་རིམ་ལྡན་པའི་ངང་ཤེས་རྟོགས་བྱས་ལ། མེ་བུམ་དང་། རྐང་ལུམས། མགོ་ལུམས་རྫ་མའི་འཕྲུལ་འཁོར་སོགས་ཁྱད་ལྡན་རྣམ་གྲངས་ལ་གཅིག་རྗེས་གཉིས་མཐུད་ངང་ཉམས་ལེན་བྱས་པ་རེད།

    “ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་སྤེལ་རེས་ཀྱི་ལས་སྟེགས་དེ་བརྒྱུད། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་མཐུན་མཉམ་ལས་ཀྱང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་དང་མར་ཏི་ཝེའི་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་མུའུ་ཧན་མོ་ཏེས། ཕྱོགས་གཉིས་པོས་འབྲེལ་ཡོད་ཀྱི་མཛའ་གྲོགས་འབྲེལ་བའི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད། སང་ལོ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དུས་སུ་ཉིང་ཁྲིར་མར་ཏི་ཝེའི་གཞོན་ནུ་ལོ་ཆུང་སྒྲིག་འཛུགས་བྱས་ཏེ་ས་མཐོའི་མཛེས་ལྗོངས་ལ་ལྟ་བ་དང་ཐག་ཉེ་ས་ནས་བོད་ཀྱི་རིག་གནས་ཉམས་སུ་བླངས་ཏེ་ཕྱོགས་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་དང་མཛའ་མཐུན་འགྲོ་འོང་ལ་མུ་མཐུད་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།