དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་དབུ་དཀར་ཞབས་ཞུའི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-19

    མིག་སྔར། རྒན་རྒོན་སློབ་ཆེན་དུ་ཐོ་འགོད་བྱས་པའི་སློབ་མ་30ཡོད་པ་དང་། ཆེད་བསྐོས་དགེ་རྒན་དང་གཅིག་ལྕོགས་དགེ་རྒན་4དང་དེ་བཞིན་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་དོ་དམ་པ་2བཀོད་སྒྲིག་བྱས་པ། རྒན་རྒོན་ཟ་ཁང་གིས་ཉིན་རེར་ཆ་སྙོམས་རྒན་རྒོན་མི་ཐེངས་20ལྷག་ཙམ་ལ་ཞབས་འདེགས་ཞུས་པས། བཟའ་བཏུང་ཞབས་ཞུ་འགན་ལེན་དང་རིག་གནས་སྦྱོང་བར་དགའ་བའི་རྒན་གསོའི་ཞབས་ཞུའི་རྣམ་པ་གསར་པ་ཞིག་ཆགས་ཡོད།

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་རྒན་གསོའི་ཞབས་ཞུ་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་བ་དང་། སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་འཐབ་སའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། རྒན་རྒོན་གྱི་ཟ་ཁང་དང་དབུ་དཀར་སློབ་ཁང་མཉམ་འདྲེས་ཀྱི་རྒན་གསོའི་རྣམ་པ་གསར་པ་གཏོད་པ། ཁྱིམ་སྡོད་རྒན་རྒོན་གྱི“ལྟོ་ཆས་བཟའ་དཀའ་བ་དང་། སེམས་གཏད་ས་མེད་པ། སྤྲོ་གསེང་བྱ་ཡུལ་ཉུང་བ”བཅས་ཀྱི་དཀའ་གནད་བསལ་ནས། ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཚོར་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སེམས་པ་སྐྱིད་པ། རྒས་དུས་བྱེད་རྒྱུ་ཡོད་པ་བཅས་མངོན་འགྱུར་བྱུང་ཡོད།

    འདི་ལོའི་ཟླ་4ཚེས་16ཉིན་སྡེ་ཁུལ་རྒན་རྒོན་སློབ་ཆེན་གྱི་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱས་ཚུན། ས་གནས་དེ་གས་བྱེད་སྒོ་སྤེལ་ཡུལ་དང་། དགེ་རྒན། རྒྱབ་ཕྱོགས་མཁོ་སྒྲུབ་སོགས་ཀྱི་ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་གཞི་གཅིག་ཅན་གྱི་རྒན་གསོའི་ཞབས་ཞུའི་ལས་སྟེགས་བསྐྲུན་ཞིང་། མིག་སྔར། རྒན་རྒོན་སློབ་ཆེན་དུ་ཐོ་འགོད་བྱས་པའི་སློབ་མ་30ཡོད་པ་དང་། ཆེད་བསྐོས་དགེ་རྒན་དང་གཅིག་ལྕོགས་དགེ་རྒན་4དང་དེ་བཞིན་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་དོ་དམ་པ་2བཀོད་སྒྲིག་བྱས་པ། རྒན་རྒོན་ཟ་ཁང་གིས་ཉིན་རེར་ཆ་སྙོམས་རྒན་རྒོན་མི་ཐེངས་20ལྷག་ཙམ་ལ་ཞབས་འདེགས་ཞུས་པས། བཟའ་བཏུང་ཞབས་ཞུ་འགན་ལེན་དང་རིག་གནས་སྦྱོང་བར་དགའ་བའི་རྒན་གསོའི་ཞབས་ཞུའི་རྣམ་པ་གསར་པ་ཞིག་ཆགས་ཡོད།

    མཉམ་སྤྱོད་འདུ་གནས་ལ་བརྟེན་ནས་ས་གནས་དེ་གའི་རྒན་རྒོན་གྱི་དགོས་མཁོ་གནད་སྨིན་སྦྲེལ་མཐུད་བྱས་ཏེ་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད། མཁྲེགས་ཆས་ཐད་གློག་རྡུལ་སྒྲ་སྙན་དང་། ཁ་སྦྲེང་། ཀ་བེད། ཆེད་ལས་སྒྲ་སྐྱེད་སོགས་སློབ་ཁྲིད་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མཉམ་གཞས་དང་མི་རིགས་ཞབས་བྲོ་སོགས་ཁྱད་ལྡན་སློབ་ཚན་བཀོད་སྒྲིག་བྱས་ཡོད། དགེ་རྒན་ཐད་སྣ་མང་བསྡུ་སྒྲིལ་དང་གནད་སྨིན་སློབ་ཁྲིད་མཐའ་འཁྱོངས་བྱས་ཏེ་ལྟ་སྐྱོང་ལྟེ་གནས་ཀྱི་ཆེད་ལས་པས་ལུས་གསོའི་སློབ་ཚན་འཁྲིད་པ་དང་། རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་སྡེ་ཁུལ་གྱི་རིག་རྩལ་རྐང་འཛིན་པས་རང་འགུལ་ངང་སློབ་ཁྲིད་དགེ་རྒན་གྱི་འགན་འཁུར་ཡོད།

    ཕུན་སུམ་ཚོགས་པའི་རྒན་གསོའི་ཞབས་ཞུས་རྒན་རྒོན་གྱི་ཚེ་མཇུག་འཚོ་བར་བཀྲག་མདངས་འཚེར་བ་མ་ཟད་ཁོང་ཚོའི་སློབ་སྦྱོང་བྱེད་སེམས་ཀྱང་ཆེ་རུ་ཕྱིན་ཡོད། སློབ་མ་ཟླ་བས་དཀའ་སྤྱད་འབད་བརྩོན་གྱིས་རོལ་ཆ་དཀྲོལ་གཏོང་བྱེད་སྟངས་སྦྱངས་ནས། “དབུ་དཀར་གྱིས་བྱིས་པའི་བསམ་འདུན་མངོན། སྒྱུ་རྩལ་གྱིས་རྒན་རྒོན་སེམས་པ་དྲོད”ཅེས་པའི་རིག་རྩལ་མཐུན་འབྲེལ་བྱེད་སྒོའི་ཁྲོད་སྙན་འཇེབས་ལྡན་པའི་ཁ་སྦྲེང་དཀྲོལ་བར་བྱེད་སྒོ་སྤེལ་ཡུལ་དུ་དགའ་བསུ་ཆེན་པོ་ཐོབ་ཡོད། སློབ་མ་ཚེ་རིང་གིས་ཉིན་ལྟར་སྔ་སྣུར་དུ་སློབ་གྲྭར་ཞབས་བྲོ་སྦྱོང་བར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པས་ཞབས་བྲོ་འཁྲབ་སྟངས་བྱང་ཆུབ་པ་དང་ལུས་སེམས་གཉིས་ཀ་ཐང་དུ་ཕྱིན་ཡོད། “ཟ་ཁང་དུ་སེམས་དྲོད་ཟ་མ་ཟ་བ་དང་སློབ་ཚན་འཚོགས་སྐབས་སེམས་སྐྱིད་པོས་སློབ་སྦྱོང་བྱེད་པའི་རྒན་རྒོན་གྱི་ཚེ་མཇུག་འཚོ་བ་ཧ་ཅང་སྐྱིད་པོ་ཡོད་པ”སློབ་མ་མི་ཉུང་བ་ཞིག་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།