ལྷ་སར་ས་མཐོའི་ཀླད་འཕྲུལ་སྦྲེལ་མཐུད་ནད་ཐོག་ཉེར་སྤྱོད་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།

འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ས་མཐོའི་ཀླད་འཕྲུལ་སྦྲེལ་མཐུད་ནད་ཐོག་ཉེར་སྤྱོད་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་ཁེབས་འབྱེད་བཞིན་པ།

འདི་ནི་ལོ་31ལ་སླེབས་པའི་མཐོ་གནས་ཞ་བའི་ནད་པ་ཤེས་རབ་མཚོ་མོས་ཀླད་འཕྲུལ་མཐུད་རྩལ་གྱི་དབང་རྩ་སླར་གསོའི་སྨན་བཅོས་དང་ལེན་བྱེད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ས་མཐོའི་ཀླད་འཕྲུལ་སྦྲེལ་མཐུད་ནད་ཐོག་ཉེར་སྤྱོད་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་ཞིང་། ཀླད་འཕྲུལ་མཐུད་རྩལ་གྱིས་དབང་རྩའི་བརྡ་རྟགས་འཚོལ་བསྡུ་བྱེད་པ་དང་དེ་ནས་མི་ཐབས་རིག་ནུས་དབྱེ་ཞིབ་རྩིས་རྒྱག་དང་ཐབས་ཇུས་ཕྱིར་གཏོང་ལ་བརྟེན་ནས་ཀླད་པའི་དབང་རྩའི་བརྡ་རྟགས་ཚོད་འཛིན་བཀའ་བཀོད་དུ་བསྒྱུར་པ་བརྒྱུད། ཀླད་པ་དང་ཕྱི་རོལ་སྒྲིག་ཆས་གཉིས་ཕན་ཚུན་སྦྲེལ་མཐུད་ཐུབ་སྟེ་ཞ་བ་ཆགས་མཁན་གྱི་འགུལ་སྐྱོད་ནུས་པ་སླར་གསོ་ཐུབ་རྒྱུར་རོགས་རམ་ཐོབ་ཀྱི་ཡོད། པེ་ཅིང་ཐེན་ཐན་སྨན་ཁང་བོད་སྐྱོར་སྨན་བཅོས་ཚོགས་པས་2026ལོར་ལག་རྩལ་དེ་བོད་དུ་ནང་འདྲེན་བྱས་ནས་གངས་ལྗོངས་ས་མཐོའི་ནད་པ་བདེ་ཐང་ཡོང་རྒྱུར་རེ་བ་གསར་པ་སྦྱིན་པ་རེད།
འབྲེལ་ཡོད་གསར་འགྱུར།