དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་སྲོག་ཆགས་ལ“སྒྲ་རིས་དབྱེ་འབྱེད་ལག་ཁྱེར”བཟོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-19

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ཟླ་5པར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་ཚོད་སྐོར་ལྟེ་གནས་དང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་དབར་མཉམ་ལས་བྱས་ནས“སྒྲ་རིས་དབྱེ་འབྱེད་ལག་རྩལ་ལ་བརྟེན་ཏེ་མཚོ་སྔོན་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བར་སྣང་བཀོད་པའི་ལྟ་ཞིབ་ཚད་ལེན་རྣམ་གྲངས”ལག་བསྟར་བྱེད་འགོ་ཚུགས་ཡོད། ཟླ་7ཚེས་1ཉིན་བར་དཔེ་མཚོན་ལྡན་པའི་མཚོན་བྱེད་རང་བཞིན་གྱི་རང་བྱུང་སྲུང་སྐྱོང་ཁུལ་6ཚོད་ལྟ་བྱ་ཡུལ་ལ་བདམས་ནས་སྒྲ་རིས་ལྟ་ཞིབ་ཚད་ལེན་ས་ཚིགས་60གནད་སྨིན་ངང་བཙུགས་ཏེ། ནགས་ཚལ་དང་འདམ་ར་སོགས་ཀྱི་འཚོ་ཁུལ་རིགས་སྣ་ཚོགས་ལ་ཕན་ཚུན་ལྟ་རྟོག་བྱས་ནས་རྩ་ཆེའི་སྟོངས་ལ་ཉེ་བའི་དངོས་རིགས་ཀྱི་མངོན་མེད་ཀྱི་འཚོ་གནས་ཁུལ་དང་སྐྱེ་ཁམས་བར་ཁྱམས་ཀྱི་འགག་རྩའི་ཁུལ་གཙོ་གནད་ཐོག་བཙུགས་ནས་མཚོ་སྔོན་ཞིང་ཆེན་གྱི་སྒྲ་རིས་རིག་ནུས་ཅན་གྱི་ལྟ་ཞིབ་ཚད་ལེན་ལག་བསྟར་བཀོལ་སྤྱོད་ཐད་ཀྱི་སྟོང་ཆ་བསྐངས་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།