དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-07-19


    ཟླ་7ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་འཛམ་གླིང་སྣེ་ལེན་ཁང་དུ་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

    ཟླ་7ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་འཛམ་གླིང་སྣེ་ལེན་ཁང་དུ་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཚོགས་ཞུགས་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། དེ་བཞིན་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་དང་ལྷན་བཞུགས་སྐུ་པར་བསྐྱོན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་འཛམ་གླིང་སྣེ་ལེན་ཁང་དུ་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།

    ཧོང་ཕུའུ་གཙང་པོའི་ངོགས་སུ་རྦ་རླབས་འཕྱུར། འཛམ་གླིང་སྣེ་ལེན་ཁང་དུ་སྐུ་མགྲོན་འཛོམས།

    ཞི་ཅིན་ཕིང་གིས་ཚོགས་ཞུགས་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། དེ་བཞིན་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་དང་མཉམ་དུ་ལྷན་བཞུགས་སྐུ་པར་བསྐྱོན་པ་རེད།

    ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད《ལག་གདང་སྦྲེལ་ནས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་བསྐྲུན་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་ཚད་བརྒལ་མྱུར་པོ་བྱུང་ནས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ལག་རྩལ་གསར་གཏོད་ལ་སྔར་བྱུང་མྱོང་མེད་པའི་དུས་བབ་བཟང་པོ་འཕྲད་ནས་གོ་སྐབས་ཆེན་པོ་མཁོ་འདོན་བྱས་ཡོད་ལ། བཅོས་སྐྱོང་གི་འགྲན་སློང་ཡང་འཕྲད་ཡོད། མིའི་རིགས་ཀྱིས་དུས་རབས་ཀྱི་གནད་དོན་ལ་ཁ་གཏད་མི་འཇལ་ཐབས་མེད་དུ་གྱུར་པ་སྟེ། འཕྲུལ་ཆས་ཀྱིས་བསམ་གཞིག་བྱེད་འགོ་ཚུགས་སྐབས་མིའི་རིགས་ཀྱིས་དེ་དང་མཉམ་གནས་ཇི་ལྟར་བྱེད་དགོས་སམ། རྩིས་རྒྱག་རིག་པར་བརྟེན་ནས་ཐབས་ཇུས་འགོད་སྐབས་བདེ་འཇགས་འགན་ལེན་ཇི་ལྟར་བྱེད་དགོས་སམ། ལག་རྩལ་གྱིས་མི་ཆོས་ལ་འགྲན་སློང་བྱེད་སྐབས་བཅོས་སྐྱོང་ཇི་ལྟར་བྱེད་དགོས་སམ། ཧེ་བག་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་སྐབས་ཀུན་ཕན་ཇི་ལྟར་ཡོང་བར་བྱེད་དགོས་སམ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་ནས་མི་གཙོ་བོར་འཛིན་པ་དང་དགེ་བརྩོན་ཡར་ཐོན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་མི་ཐབས་རིག་ནུས་དེ་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཏེ། གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་ལག་གདང་སྦྲེལ་ནས་བསྐྲུན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཞི་ཅིན་ཕིང་གིས་དེའི་ཐད་དགོངས་འཆར་ཁག་བཞི་བཏོན་གནང་བ་སྟེ།

    གཅིག སྒོ་དབྱེ་གཉིས་ཕན་མཐའ་འཁྱོངས་ཀྱིས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐོབ་དཀའ་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། གསར་འབྱེད་སྒོ་དབྱེ་དང་མཉམ་ལས་མཉམ་སྤྱོད་ལ་སྐུལ་མ་གཏོང་བ་དང་། མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། ལྗོངས་རྣམ་བཀོལ་སྤྱོད་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་རྒྱང་མཐོང་བཀོད་སྒྲིག་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས། མི་ཐབས་རིག་ནུས་ཀྱིས་ལས་རིགས་མང་པོ་དར་བར་མཐུན་རྐྱེན་སྦྱོར་དགོས།

    གཉིས། ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་ནས་བདེ་འཇགས་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་དགོས། མི་ཐབས་རིག་ནུས་ལས་ཐོན་པའི་ནང་སྐྱེས་ཀྱི་ཉེན་ཁ་དང་དེ་ལས་མཆེད་པའི་ཉེན་ཁ་སྣ་ཚོགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བཅའ་ཁྲིམས་ཁྲིམས་སྲོལ་དང་། ལག་རྩལ་ལྟ་ཞིབ་ཚད་ལེན། ཉེན་ཁའི་སྔོན་བརྡ། འཕྲལ་སྡོམ་བརྡ་ལན་བཅས་ཀྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། བདེ་འཇཌ་ཀྱི་མཐའ་ཚད་བརྟན་དུ་གཏོང་བ། གང་བྱུང་དུ་སྤྱོད་པ་དང་ཚུལ་མིན་དུ་སྤྱོད་རྒྱུར་དོགས་ཟོན་བཅས་བྱས་ནས་མི་ཐབས་རིག་ནུས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ཚོད་འཛིན་འོག་བཀོལ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། མི་ཐབས་རིག་ནུས་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། རང་རྒྱལ་ཁབ་ཀྱི་བདེ་འཇགས་དེ་རྒྱལ་ཁབ་གཞན་གྱི་བདེ་འཇགས་ལས་ལྷག་པའི་ལྟ་སྟངས་འཛིན་པར་ཐུན་མོང་ཐོག་ངོ་རྒོལ་བྱེད་དགོས།

    གསུམ། སྐུལ་ལྕག་དང་བསྟུན་མཁས་མཉམ་འཛིན་གྱིས་ཤེས་དཔལ་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་གཏོང་དགོས། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ལ་བརྟེན་ནས་མི་ཐབས་རིག་ནུས་ཀྱི་རིན་ཐང་ལྟ་བ་འཛུགས་པ་དང་། མི་ཐབས་རིག་ནུས་ཀྱི་ལག་རྩལ་སྤྱོད་མཁས་པོ་བྱས་ནས་ཤེས་དཔལ་མི་འདྲ་བའི་དབར་བསམ་ཤེས་དང་བསྟུན་མཁས་ཡོང་བར་བྱས་ཏེ་ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་བཏང་སྟེ། བདག་མཛེས་བདག་གིས་ཤེས་བྱ་ཞིང་། མཛེས་ཀུན་གཅིག་ཏུ་འདུས་པའི་ཤེས་དཔལ་སྣ་འཛོམས་གླིང་གཏོད་དགོས།

    བཞི། ཕྱར་བ་གྲུ་འདེགས་དར་སྤེལ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་གལ་ཆེན་ཏན་ཏིག་འདོན་པ། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། བཅོས་སྐྱོང་སྒྲིག་སྲོལ། ལག་རྩལ་ཚད་གཞི་བཅས་ཀྱི་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་སྒྲོམ་གཞི་སྔ་ཙམ་ཆགས་པར་བྱས་ཏེ། ལག་རྩལ་གསར་ཤོས་དེས་མིའི་རིགས་ཀྱི་སྤྱི་ཚོགས་ལ་བདེ་སྐྱིད་དེ་བས་ལེགས་པར་སྐྲུན་དགོས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རོགས་རམ་བྱས་ཏེ། གྲངས་འཛིན་རིག་ནུས་ཀྱི་ཧེ་བག་ཆུང་དུ་གཏོང་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་ལོ་རྒྱུས་ཀྱི་འདྲ་མཉམ་མེད་པའི་གནད་དོན་གསར་པ་མི་ཐོན་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་སྐབས་ཀྱི་གསལ་ཐོ་ཡང་མཁོ་འདོན་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། “མི་ཐབས་རིག་ནུས་+”བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རིགས་ཁག་གི་བྱེད་པོ་མཉམ་གནས་མཉམ་དར་གྱི་བདེ་འཇགས་ཁོར་ཡུག་སྐྱེད་སྲིང་བཅས་བྱས་པས། རིག་ནུས་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ཏེ“ཀྲུང་གོའི་རིག་ནུས་བཟོ་སྐྲུན”དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བཀྲག་མདངས་འཚེར་བའི་མིང་བྱང་གཞན་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག ཀྲུང་གོས་འཕེལ་རྒྱས་དང་བདེ་འཇགས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་ལམ་ལུགས། བཀོལ་སྤྱོད་ཚད་ལྡན། མི་ཆོས་ཚད་གཞི་བཅས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། མི་ཐབས་རིག་ནུས་བདེ་འཇགས་དང་། བློས་འགེལ་ཆོག་པ། ཚོད་འཛིན་ཐུབ་པ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱས་ཡོད། འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་མཁན་ཞིག་ནམ་ཡང་བྱས་ཏེ་ཀྲུང་གོའི་ཇུས་གཞི་རྒྱུན་ཆད་མེད་པར་སྐྱེས་སུ་ཕུལ་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ཕྱོགས་ཁག་གི་ཐུན་མོང་འབད་འཐབ་འོག་འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་ཧྲང་ཧའེ་རུ་བཙུགས་ཡོད། འདི་ནི་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་འབོད་སྒྲ་དང་ལེན་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཐུན་སྒྲིལ་གྱིས་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། མི་ཐབས་རིག་ནུས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ལ་འགྱུར་རྒྱུ་རེད། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་དང་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། འབྱུང་འགྱུར་ལོ་5ཡི་རིང་། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕྱོགས་ནས་མི་ཐབས་རིག་ནུས་ཆེད་དོན་ཞིབ་སྦྱོང་གི་གསོ་སྦྱོང་མིང་སྐལ་5000མཁོ་འདོན་བྱེད་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཨ་རབ་མནའ་འབྲེལ། ཨ་ཧྥེ་རི་ཁའི་མནའ་འབྲེལ། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་བཅས་ལ་ཕྱོགས་ནས་རྒྱལ་སྤྱིའི་མི་ཐབས་རིག་ནུས་བཀོལ་སྤྱོད་མཉམ་ལས་ལྟེ་གནས་འཛུགས་པ། གནམ་གཤིས་རིག་ནུས་སྔོན་བརྡའི་ཇུས་གཞི“མ་ཙུའུ”རྒྱལ་ཁབ་30རུ་དོན་འཁྱོལ་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་རེད། ཀྲུང་གོས་དེ་བས་སྒོ་དབྱེའི་རྣམ་པ་དང་། དེ་བས་དངོས་སྒྲུབ་ཀྱི་བྱ་སྤྱོད། དེ་བས་ཕུགས་ཀྱི་མིག་རྒྱང་བཅས་ལ་བརྟེན་ནས་ཕྱོགས་ཁག་དང་ལྷན་དུ་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་གོ་སྐབས་དང་འགྲན་སློང་ལ་སྟངས་འཛིན་དང་ཁ་གཏད་བཅག་སྟེ། ལག་གདང་སྦྲེལ་ནས་མིའི་རིགས་སྤྱི་ཚོགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད།

    ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ། ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་བཅས་ཀྱིས་ཁག་སོ་སོར་ཤིས་ཚིག་བསྒྲོན་ཞིང་། ཁོང་རྣམ་པས་འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་ཀྱི་གྲོས་ཆོད་ལ་མིང་རྟགས་འགོད་པའི་མཛད་སྒོ་ཧྲང་ཧའེ་རུ་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་ཕུལ་བའི་ཀྲུང་གོའི་ལེགས་སྐྱེས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་དང་བྱ་ཐབས་ལ་བརྡ་ལན་ཧུར་ཐག་ཞུས་པ་རེད། ཕྱོགས་ཁག་གིས། མི་ཐབས་རིག་ནུས་དེ་མིའི་རིགས་འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་སུ་འགྱུར་རེ་ཡོད་ལ་ཉེན་ཁ་ཡང་གནས་ཡོད། ཀྲུང་གོས་རིག་ནུས་དགེ་བརྩོན་དང་། ཀུན་ཕན་བསྟུན་མཁས། བདེ་འཇགས་ཚོད་འཛིན་བཅས་དར་སྤེལ་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འབྲེལ་ཡོད་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རོགས་རམ་ཧུར་ཐག་བྱེད་པ། མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོའི་འགན་སེམས་མངོན་པར་བྱས་ཡོད། མི་ཐབས་རིག་ནུས་ལག་རྩལ་ནི་རྒྱལ་ཁབ་ཁག་གིས་མཉམ་བཅོས་མཉམ་སྤྱོད་བྱས་ནས་དེས་རྒྱལ་ཁབ་ཚང་མར་ཕན་པ་འདྲ་མཉམ་ཐོབ་པ་དང་། མིའི་རིགས་ཡོངས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་གོ་ལ་ཧྲིལ་པོའི་གྲངས་རིག་གི་ཧེ་བག་དང་ལྷོ་བྱང་འཕེལ་རྒྱས་ཀྱི་ཧེ་བག་སེལ་དགོས། མི་ཐབས་རིག་ནུས་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་རྒྱལ་མཚམས་ལས་བརྒལ་བས། ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་སྟངས་འཛིན་དང་ཁ་གཏད་གཅོག་དགོས། འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་ཀྱིས་དེའི་ཐད་ནུས་པ་གལ་ཆེན་བཏོན་ནས་སྒོ་དབྱེ་བསྟུན་མཁས་དང་འདྲ་མཉམ་གཉིས་ཕན་གྱི་མཉམ་ལས་ལ་བརྟེན་ནས་བདེ་འཇགས་དང་། དར་རྒྱས། རྒྱལ་ཁབ་གང་རུང་ཞིག་ཀྱང་རྗེས་སུ་མི་ལུས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད་ལ་ཡིད་ཆེས་ཀྱང་ཡོད་ཅེས་བརྗོད་པ་རེད།

    ཚོགས་ཆེན་ཐོག《2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་ཀྲུའུ་ཞིའི་གསལ་བསྒྲགས》སྤེལ་བ་རེད།

    ཟླ་7ཚེས་16ཉིན་གྱི་དགོང་མོར། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་འཛམ་གླིང་སྣེ་ལེན་ཁང་དུ་ཚོགས་ཞུགས་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།