དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐེ་ཉིང་གིས་ལས་རིགས་སློབ་གསོ་འཕེལ་རིམ་གསར་པ་དང་སྐས་རིམ་གསར་པར་སླེབས་པར་ཁྲིམས་ལྟར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-18

    ཟླ་7ཚེས་13ནས་15ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཐེ་ཉིང་གིས་ལས་རིགས་སློབ་གསོའི་བཅའ་ཁྲིམས་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་སྣེ་ཁྲིད་དེ་ཉིང་ཞ་རུ་ཞིབ་བཤེར་བྱས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་རིགས་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། དུས་བབ་གསར་པ་དང་ལས་འགན་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ། ལས་རིགས་སློབ་གསོའི་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བཅས་བྱས་ནས། ལས་རིགས་སློབ་གསོ་འཕེལ་རིམ་གསར་པ་དང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཐེ་ཉིང་གིས་གསུངས་དོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་ལས་ཕྱོགས་སྒྱུར་གྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱས་ཏེ། ལས་རིགས་སློབ་གསོ་དེ་ས་ཁོངས་དཔལ་འབྱོར་དང་ཐོན་ལས་ཀྱི་གྲུབ་ཆ་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཐོན་སློབ་མཉམ་འདྲེས་ལ་བརྟེན་ནས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་ཆེད་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ལྡན་པའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། ལས་རིགས་སློབ་གསོའི་སློབ་གཉེར་རྣམ་པ་ལེགས་སུ་གཏོང་བ་དང་། ལས་རིགས་སློབ་གྲྭའི་འགག་རྩའི་སློབ་གཉེར་ནུས་པ་ཆེ་རུ་གཏོང་བ། དེང་རབས་ལས་རིགས་སློབ་གསོའི་མ་ལག་གང་མགྱོགས་འཛུགས་པ་བཅས་བྱས་ཏེ་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་ནས་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཞིབ་བཤེར་ཚོགས་ཆུང་གིས་བཞུགས་མོལ་ཚོགས་འདུ་འཚོགས་ནས་དབྱིན་ཁྲོན་སོགས་སུ་ཞིབ་བཤེར་བྱས་ཏེ་ཉིང་ཞ་ཡིས་ལས་རིགས་སློབ་གསོའི་བཅའ་ཁྲིམས་ལག་བསྟར་བྱས་པའི་ཕན་འབྲས་ལ་ཁས་ལེན་བྱས་པ་རེད། ཕྱོགས་མཚུངས་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་རིགས་སློབ་གསོའི་ཁྱབ་ཁོངས་ཀྱི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་དམིགས་ནས་འབྲེལ་ཡོད་ཕྱོགས་ཁག་གིས་འགན་འཁྲི་ཏན་ཏིག་འཁུར་བར་ལྟ་སྐུལ་བྱས་ཏེ་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་རེ་བ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།