དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    ཐན་ཙན་ནི་ཡའི་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་ཆེར་གཏོང་དང་དཔལ་འབྱོར་དར་རྒྱས་ཁུལ་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་ཡག་པོ་གཏོང་འདོད་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-18

    ཟླ་7ཚེས་14ཉིན་ནི་ཐན་ཙན་ནི་ཡའི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་དངོས་སུ་ཤར་གཏོང་ཐུབ་ནས་ལོ་50འཁོར་བའི་དྲན་གསོའི་ཉིན་མོ་རེད། ཉིན་དེར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་དང་ཐན་ཙན་ནི་ཡའི་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་ཆེར་གཏོང་དང་དཔལ་འབྱོར་དར་རྒྱས་ཁུལ་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་ཡག་པོ་བཏང་སྟེ་རང་དབང་དང་། འཕེལ་རྒྱས། མཛའ་གྲོགས། བདེ་སྐྱིད། ལྗང་མདོག ཞི་མཐུན་བཅས་ཀྱི་ལམ་བུ་ཐུན་མོང་ཐོག་བཏོད་ནས་རྒྱལ་ཁབ་གསུམ་པོ་དང་དེ་བཞིན་ས་ཁུལ་དང་རྒྱལ་ཁབ་ལ་དེང་རབས་ཅན་མཉམ་དུ་གཏོད་རྒྱུར་རམ་འདེགས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    ལིན་ཅན་གྱིས་ཐན་ཙན་ནི་ཡའི་ལྕགས་ལམ་ནི་ཀྲུང་ཧྥེའི་མཛའ་གྲོགས་ཀྱི་ལོ་རྒྱུས་ཀྱི་མཛད་རྗེས་རྡོ་རིང་ཞིག་རེད། ལོ་50ལྷག་ཙམ་གྱི་གོང་ཀྲུང་གོས་རང་ངོས་ཀྱི་དཔལ་འབྱོར་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་པའི་གནས་བབ་འོག་ཐན་ཙན་ནི་ཡར་ལྕགས་ལམ་སྐྲུན་རོགས་བྱེད་རྒྱུའི་སེམས་ཐག་སྔར་བཞིན་བཅད་དེ་ས་ཁུལ་དང་། རྒྱལ་ཁབ། མི་རིགས་བཅས་ཀྱི་བཅིངས་འགྲོལ་དང་འཕེལ་རྒྱས་འཛུགས་སྐྲུན་གྱི་བྱ་གཞག་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ཀྲུང་གོ་དང་། ཐན་ཙན་ནི་ཡ། ཙན་པི་ཡ་བཅས་རྒྱལ་ཁབ་གསུམ་གྱི་མི་དམངས་ཀྱིས་ཐན་ཙན་ནི་ཡའི་ལྕགས་ལམ་སྐྲུན་རིང་ལག་སྦྲེལ་དཔུང་སྒྲིག་དང་དཔུང་པ་མཉམ་གཤིབ་བྱས་ནས་ཐན་ཙན་ནི་ཡའི་ལྕགས་ལམ་གྱི་སྙིང་སྟོབས་རླབས་པོ་ཆེ་མཉམ་དུ་བཏོད་དེ་རྗེས་རབས་པར་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་བཞག་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།