དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “00ནང་སྐྱེས”ཀྱི་མེ་འཁོར་བཀོད་གཏོང་བ་ཅཱ་ཀུའུ་ནན།

    བརྩོན་པའི་གཞུ་ལ་སྦྲན་པའི་ལང་ཚོའི་མདའ་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-18

    ས་མཐོའི་ཞོགས་པར་གྲང་རླུང་འུར་འུར་ལྡང་བས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་མེ་འཁོར་ལས་ཚུགས་ཀྱི་ལྷ་སའི་མེ་འཁོར་འབབ་ཚུགས་ནུབ་མར་གྲང་ཤུར་ཤུར་ཡོད། འཕྲེད་གཞུང་སྣོལ་མར་གནས་པའི་འཁོར་ལམ་དུ“00ནང་སྐྱེས”ཀྱི་མེ་འཁོར་བཀོད་གཏོང་བ་ཅཱ་ཀུའུ་ནན་གྱིས་ལྕགས་ལམ་གྱི་སྐྱེལ་འདྲེན་བདེ་འཇགས་བརྟན་སྲུང་བྱེད་པའི་ཉིན་གཅིག་གི་ལས་ཀ་འགོ་ཚུགས།

    2020ལོར་ཧོ་པེའི་ལྕགས་ལམ་སྐྱེལ་འདྲེན་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་མ་ཐག་པའི་ཅཱ་ཀུའུ་ནན་ལྷ་ས་འབབ་ཚུགས་ནུབ་མའི་སྦྲེལ་མཐུད་པ་ཞིག་ཏུ་གྱུར། སྦྲེལ་མཐུད་པ་ནི་ལྕགས་ལམ་གྱི་སྐྱེལ་འདྲེན་གྱི“འགག་རྩའི”ལྷུ་ཚིགས་ཤིག་ཡིན་པས། འཁོར་རིགས་དབར་སྦྲེལ་མཐུད་དང་དབྱེ་ཕྲལ་གནད་སྨིན་བྱེད་དགོས་སྟབས་ལུས་ཤུགས་དང་ལས་སྒོའི་རྩལ་ནུས་ལ་རེ་བ་ཧ་ཅང་མཐོ་པོ་ཡོད། ལས་ཀར་ཞུགས་མ་ཐག་རྒན་ལགས་ཚོའི་ལག་རྩལ་བྱང་ཆུབ་པོ་ཡོད་པ་དང་རང་གིས་གཞི་རྩའི་ཡོ་བྱད་ཀྱང་ཡག་པོ་སྤྱོད་མི་ཤེས་པས་ཅཱ་ཀུའུ་ནན་སེམས་ཁྲལ་ཆེན་པོ་བྱུང་ཡོད།

    ཅཱ་ཀུའུ་ནན་གྱིས་སྦྱོང་བརྡར་ཐང་གཡུལ་ས་གཙོ་བོར་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་ལས་སྒོར་བརྩོན་ཞིབ་བྱས་ཏེ་ལག་རྩལ་སྦྱངས་ཤིང་། མི་གཞན་ངལ་གསོ་སྐབས་ཁོང་གིས་ཆེད་ལས་ཤེས་བྱ་བློར་ངེས་ནས《ལྕགས་ལམ་ལག་རྩལ་དོ་དམ་གྱི་སྒྲིག་སྲོལ》དང《མེ་འཁོར་བཀོད་གཏོང་བའི་ལས་ཀའི་ཚད་གཞི》ཞིབ་ཀློག་བྱས་ཏེ་སློབ་སྦྱོང་ཟིན་བྲིས་མཐུག་པོ་གསུམ་བྲིས་ཡོད། ས་མཐོའི་སྨུག་ཕྱིའི་འོད་ཤུགས་ཆེ་བས་གདོང་གི་སྐྱི་ལྤགས་འཚིགས་ནས་བཟོད་ཐབས་བྲལ་རུང་སྔར་བཞིན་དགེ་རྒན་གྱི་རྗེས་སུ་འབྲངས་ནས་ལག་རྩལ་སྦྱོང་གི་ཡོད།

    ས་མཐོའི་དགུན་དུས་ཀྱི་མེ་འཁོར་བཀོད་གཏོང་བྱ་ཡུལ་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་བར་ཆག་གི་ཡོད། ལག་གཉིས་འཁྱགས་ནས་འཁུམས་ཀྱང་ཁོང་གིས་སྔར་བཞིན་འཁོར་ལམ་བརྟན་སྲུང་བྱས་ནས་བཀོལ་སྤྱོད་ལག་རྩལ་སྦྱོང་བརྡར་ཡང་ཡང་བྱེད་ཀྱི་ཡོད། མེ་འཁོར་སྦྲེལ་མཐུད་བཀོལ་སྤྱོད་ཀྱི་ཐབས་རྩལ་གནད་སྨིན་ཁོང་དུ་ཆུད་ཆེད། ཁོང་གིས་གྲང་ངར་ཆེན་པོར་མ་འཛེམས་པར་ལད་མོ་ཐེངས་མང་བྱས་ནས་མཚན་གུང་བར་སྦྱོང་བརྡར་བྱེད་ཀྱི་ཡོད།

    བརྩོན་འགྲུས་ཅན་ལ་བསླུ་བ་མེད། ཅཱ་ཀུའུ་ནན་གྱི་ལས་སྒོའི་རྩལ་ནུས་ཡར་རྒྱས་ཆེན་པོ་བྱུང་ནས“བརྟན་པོ་དང་། གནད་འཁེལ། མྱུར་པོ”བཅས་ཀྱི་ལས་ཀའི་ཐབས་རྩལ་ཆ་ཚང་ཞིག་འཚོལ་ཞིབ་ཐུབ་ནས་པན་དང་ཚོགས་ཆུང་གི་རྐང་འཛིན་པར་གྱུར་ཡོད། 2023ལོར་མཚོ་བོད་ཚོགས་པ་ཀུང་སིའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པར་ཁོང་གིས་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་ཨང་དང་པོ་བླངས་ཏེ“གཞོན་ནུའི་ལས་གནས་ཀྱི་འཇོན་ཐང་ཅན”གྱི་མཚན་སྙན་ཐོབ་པ་རེད།

    མཚན་སྙན་ཐོབ་རུང་ཁོང་གིས་ལག་རྩལ་སྦྱོང་མཚམས་བཞག་མེད། 2024ལོར་ཁོང་མེ་འཁོར་བཀོད་གཏོང་བར་བསྐོས་ཡོད། ལས་གནས་ལ་འགྱུར་ལྡོག་བྱུང་བས་འགན་འཁྲི་དེ་བས་ལྕི་རུ་ཕྱིན་ཡང་ཁོང་གིས་དོ་དམ་ཤེས་བྱ་སློབ་སྦྱོང་བྱས་ནས་མེ་འཁོར་བཀོད་གཏོང་རྒན་གྲས་ལ་པན་དང་ཚོགས་ཆུང་གི་དོ་དམ་ཐབས་རྩལ་སྐོར་བཀའ་འདྲི་ཞུས་ནས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་རྟག་ཏུ་གདོང་མཆོང་བྱེད་པ་དང་། པན་དང་ཚོགས་ཆུང་གི་སྣེ་ཁྲིད་དེ་ཚད་གཞི་དོན་འཁྱོལ་ནན་པོ་བྱས་ནས་མེ་འཁོར་བཀོད་གཏོང་གི་ལས་ཀ་ཚང་མ་བདེ་འཇགས་དང་ལས་ཕྱོད་ཆེ་བའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག ཁོང་གིས“བརྒྱུད་རོགས་ཁྲིད་གསུམ”གྱི་ནུས་པ་བཏོན་ནས་ཉམས་མྱོང་སྦ་གསང་མེད་པར་ལས་རོགས་གསར་པར་མཉམ་སྤྱོད་བྱེད་ཀྱི་ཡོད།

    2025ལོར་མཚོ་བོད་ཚོགས་པ་ཀུང་སིའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་བཞི་པར་ཅཱ་ཀུའུ་ནན་གྱིས་སླར་ཡང་འགྲན་ར་ནས་མེ་འཁོར་བཀོད་གཏོང་བའི་རྣམ་གྲངས་ཀྱི་ཨང་དང་པོ་བླངས་པ་དང“གཞོན་ནུའི་ལས་གནས་ཀྱི་འཇོན་ཐང་ཅན”དང“ཕུལ་བྱུང་གཞོན་ནུའི་དཔེ་དམག”ལ་བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།