ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པས་དགའ་བསུའི་དགོང་མོའི་གསོལ་སྟོན་བཤམས་པ།
ཚེས་16ཉིན་གྱི་དགོང་མོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེཌ་སྐབས་ལྔ་པས་ཉིང་ཁྲིར་དགའ་བསུ་ཞུ་བའི་དགོང་མོའི་གསོལ་སྟོན་བཤམས་པ་རེད།
འབར་མའི་ཙུང་ཐུང་གཞོན་པ་ནན་ཉི་ཉི་ཨའེ་དང་། ནེ་པ་ལའི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་རུའུ་པི·ཁུའུ་མ་ལི། སི་རི་ལན་ཁ་འགྲིམ་འགྲུལ་དང་གཞུང་ལམ་དང་གྲོང་ཁྱེར་འཕེལ་རྒྱས་པུའི་པུའུ་ཀྲང་པི་མར·ལཱ་ཐེ་ནཱ་ཡ་ཁེ། ཕ་ཁི་སི་ཐན་རྒྱལ་ཕྲན་མཉམ་འབྲེལ་གྱི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་མཐུན་སྦྱོར་པུའི་པུའུ་ཀྲང་མུའུ་ས་ཏི་ཁེ·མཱ་སུའུ་ཏེ་མཱ་ལི་ཁེ་བཅས་གསོལ་སྟོན་ལ་ཞུགས་ཡོད་པ་རེད།
ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་དབན་མིང་དང་། རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིན་དབྱི་ཧྥུའུ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཧྥང་ཞའོ་མིན། སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་མཱ་ཀྲེང་ཡུང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཞའོ་ནན་བཅས་ཞུགས་ཡོད་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་ཡིས་ཤིས་ཚིག་གསུངས་པ་དང་། ཞུས་ཀྲི་ཝུན་དང་། ཀྲང་ཧུང་པོ། ལྕགས་རྭ་བློ་བཟང་བསྟན་འཛིན། ལུའོ་མེ། ཞུས་ཀྲི་ཐའོ། ཀྲའོ་ཕུང་བཅས་ཞུགས་ཡོད་པ་རེད།
རེན་ཝེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་ད་ཐེངས་ཀྱི་གླེང་སྟེགས་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་ཀྱི་འགོ་ཁྲིད་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། སྐུ་མགྲོན་རྣམ་པ་གདན་དྲངས་ནས་ད་ཐེངས་ཀྱི་གླེང་སྟེགས་བརྒྱུད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་ཚོར་ཐུབ་པར་བྱེད་པ་དང་འབྲེལ་སླད་ཕྱིན་ཐབས་དང་ཇུས་ཧུར་ཐག་འདོན་པ་དང་། མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱས་ཏེ་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།