དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-18

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་ཆེད་དོན་སློབ་སྦྱོང་སྒྲིག་འཛུགས་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་ཚོགས་འདུར་ཞུགས་པ་མ་ཟད། ཏང་ཡོན་ལས་བྱེད་པར་ཏང་གི་སློབ་ཚན་ཡང་ཁྲིད་གནང་བ་རེད།

    ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཏེ་སྲིད་ཇུས་གསལ་འགྲེལ་དང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གནད་སྨིན་བྱས་ནས། བློ་སྒྲིལ་སེམས་སྐྱེད་ཏན་ཏིག་ཡོང་བ་བྱེད་དགོས། དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས་མང་ཚོགས་ཀྱི་དགོས་མཁོ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། དམངས་འཚོའི་དྲོད་འཁོལ་ལས་ལས་དོན་གྱི་རྣམ་པ་མངོན་པར་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་དང་སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་གྱི་ཆོས་ཉིད་དང་རང་འགུལ་ངང་འཚམ་པར་བྱས་ཏེ་གཞི་རྟེན་དང་བྱེད་སྟངས་གསར་གཏོད་ཀྱིས་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རང་གཅུན་ནན་པོ་དང་མཐའ་ཚད་བརྟན་པོ་སྲུང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། དྲིལ་བསྒྲགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ནན་པོ་བསྲུངས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་དཔུང་ཁག་ཅིག་གཏོད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།