དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་ལྗོངས་ཀྱིས་གཞོན་ནུ་ལོ་ཆུང་གི་ལུས་སྦྱོང་དཔེ་སྟོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-17

    ཉེ་ཆར། རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་རང་སྐྱོང་ལྗོངས་དུག་འགོག་གཞུང་ལས་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི“ལོ་ཆུང་ཚོ་ལུས་སྦྱོང་བྱེད”ཅེས་པའི་2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ལུས་སྦྱོང་དཔེ་སྟོན་བྱེད་སྒོ་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་དུ་སྤེལ་བ་རེད།

    བྱེད་སྒོར་མིག་དཔེའི་སྣེ་ཁྲིད་དང་སྣ་མང་མི་གསོ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་བྱེད་སྒོར་བརྟེན་ནས་མི་སྣ་གསོ་སྐྱོང་གི་ཕན་འབྲས་ཆེ་རུ་ཧུར་ཐག་བཏང་བ་མ་ཟད། རང་ལྗོངས་ཀྱི་ཕུལ་བྱུང་གངས་ཤུད་ལུས་རྩལ་པ་ཚེ་རིང་དགྲ་འདུལ་དང་བཀྲ་ཤིས་བསྟན་སྒྲོན་ཆེད་མངགས་གདན་ཞུ་བྱས་ཏེ་རང་ངོས་འཚར་ལོངས་དང་། དཀའ་སྤྱད་སྦྱོང་བརྡར། འབད་འབུངས་ཡར་བརྩོན་བཅས་ཀྱི་ལུས་རྩལ་པའི་མྱོང་བ་དང་ཟུང་འབྲེལ་བྱས་ནས་གཞོན་ནུ་ལོ་ཆུང་ལ་ལུས་རྩལ་ལ་བརྟེན་ནས་ཕུགས་འདུན་དོན་གཉེར་བྱེད་པའི་ལོ་རྒྱུས་ཀྱི་ལམ་བུ་དང་འབད་འཐབ་ཀྱི་སྙིང་སྟོབས་མཉམ་སྤྱོད་བྱས་པ་དང་། ཉེ་འགྲམ་གྱི་མིག་དཔེར་བརྟེན་ནས་གཞོན་ནུ་ལོ་ཆུང་ལ་ལུས་རྩལ་གྱི་སྤྲོ་སྣང་འཕེལ་བ་དང་། བློ་སྟོབས་དང་གཤིས་རྒྱུད་ལ་ཞུན་བརྡར་ཐེབས་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་བཅས་བྱ་རྒྱུའི་སྐུལ་ལྕག་བྱས་པ་རེད།

    རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། “ལོ་ཆུང་ཚོ་ལུས་སྦྱོང་བྱེད”ཅེས་པའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱེད་སྒོའི་སྤུས་རྟགས་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། རང་ལྗོངས་ཀྱི་ལུས་རྩལ་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ། གཞོན་ནུ་ལོ་ཆུང་གི་ལུས་རྩལ་ལུས་སྦྱོང་གི་དགོས་མཁོར་དམིགས་པ། བྱེད་སྒོའི་གཞི་རྟེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཁྱབ་རྒྱ་ཆེ་རུ་གཏོང་བ། བྱེད་སྒོ་སྤེལ་སྟངས་གསར་གཏོད་བཅས་བྱེད་པ། ཚན་རིག་དང་མཐུན་པའི་ལུས་སྦྱོང་འདུ་ཤེས་དང་ལུས་རྩལ་རིག་གནས་ཤེས་བྱ་རྒྱུན་མཐུད་ཁྱབ་གདལ་གཏོང་བ། གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱེད་སྒོ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་གྱི་སྒོ་ནས་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་ཀྱི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་མཁན་གྱི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱ་ཆེད་རྨང་གཞི་བརྟན་དུ་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།