མངའ་རིས་ས་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐབས་མང་མཉམ་སྤྱོད་ལ་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ།
“བརྒྱད་ལྔ་པའི”བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་ལག་བསྟར་བྱས་ཚུན། མངའ་རིས་ས་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས“སུས་ཁྲིམས་སྒྱུར་བྱས་ཚེ་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། གྱོད་སྒྲུབ་ལག་ལེན་རྨང་གཞིར་བྱེད་པ་དང་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་ནས་གནས་ལུགས་ཤོད་པ་འབྲེལ་ཟམ་དུ་བྱེད་པ། ཁྲིམས་འཛིན་བྱེད་སྒོ་ཚང་མ་གསོན་ཉམས་དོད་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་ལག་ལེན་དུ་འགྱུར་བར་བྱས་ཏེ། མངའ་རིས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།
མངའ་རིས་ས་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཨང་དང་པོ་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་དང་ཆབས་ཅིག་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་པ་དེ་དམངས་སེམས་གཅིག་སྒྲིལ་དང་དམངས་ཤུགས་གཅིག་སྒྲིལ་གྱི་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ནས་དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་དང་སྣ་མང་ཕྱོགས་བསྡུས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་མ་ལག་ནུས་ཤུགས་ཡོད་རྒུས་བཏོད་ནས་ཁྲིམས་སྐྱོང་བྱེད་ཐབས་མངའ་རིས་ས་ཁུལ་གྱི་ཕྱོགས་གང་སར་ཁྱབ་པར་བྱས་ཡོད། དྲ་ཐོག་ཏུ་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ཆེད་སྒྲིག་ལེ་ཚན་བཟོས་པ་དང་། གསར་རྩོམ་གྱི་ནང་དོན་གསར་རྩོམ་གཏིང་ཟབ་བྱས་པ། རིམ་རྩིས་བརྒྱབ་ན་རིགས་ཁག་གི་ཁྲིམས་ལུགས་ཁྱབ་གདལ་ཐོན་རྫས་2300ལྷག་ཙམ་ཁྱབ་བསྒྲགས་བྱས་པ། དྲ་ཐོག་ནས་ལྟ་ཀློག་བྱེད་ཚད་ཐེངས་གྲངས་ཁྲི་19ལས་བརྒལ་བ། ཁྲིམས་ལུགས་ཁྱབ་གདལ་གྱི་རྩོམ་ཡིག་རྩེ་གྲ་24རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་ཐོག་སྤེལ་བ་བཅས་བྱས་པས་གངས་ལྗོངས་ཞིབ་དཔྱོད་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་ཆེ་གྲས་ཐེངས་586སྤེལ་བ་དང་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་ཡིག་ཁྲི་16ལྷག་ཙམ་སྤྲད་ནས་མང་ཚོགས་མི་ཐེངས་ཁྲི་7ལ་ཐད་ཀར་ཞབས་འདེགས་ཞུས་ཡོད།
ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་དམིགས་ནས་མངའ་རིས་ས་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་བློ་གཅིག་སེམས་གཅིག་གིས་ཁྲིམས་འཛིན་སྲུང་སྐྱོང་གི་སྲུང་བཅད་བརྟན་དུ་བཏང་བ་མ་ཟད། མངའ་རིས་ས་ཁུལ་གྱི་ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་སྒྲུབ་རོགས་སྐྱོབ་ལྟེ་གནས་ཐོག་མ་དེ་བསྐྲུན་ནས་གྱོད་སྒྲུབ་དང་། རོགས་སྐྱོབ། གཅེས་སྐྱོང་སོགས་ཀྱི་འགན་ནུས་བསྡུ་སྒྲིལ་བྱས་ཏེ་ན་སོ་དར་ལ་མ་བབས་པའི་གནོད་འཚེ་ཕོག་མཁན་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་ཡོད། ཕུལ་བྱུང་ཞིབ་དཔྱོད་དཔོན་57བདམས་ནས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་འགན་ཁུར་དུ་བཅུག་སྟེ་རྒྱུན་རྣམ་ཅན་གྱི“ཁྲིམས་སྐྱོང་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོ་ཁག་187སྤེལ་བ་དེ་དགེ་སློབ་མི་ཐེངས་ཁྲི་2.4ལ་ཁྱབ་པ་དང་གསོན་ཉམས་དོད་ལ་ངོ་མཚར་ཆེ་བའི་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་ཁྲིད་བྱས་ནས་གཞོན་ནུ་ལོ་ཆུང་ཚོས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པར་ཁྲིད་སྟོན་བྱས་ཡོད།
“མཐའ་མཚམས་ཞིབ་དཔྱོད”གསར་གཏོད་དང་སྐུལ་འདེད་བཏང་སྟེ་མཐའ་མཚམས་གྲོང་ཚོར་འབྲེལ་གཏུག་ས་ཚིགས་བཙུགས་པ་དང་། བཅའ་ཁྲིམས་ཁྱབ་གདལ་ཐེངས་300ལྷག་ཙམ་བྱས་པ། མི་ཐེངས་800ལྷག་ཙམ་ལ་བཅའ་ཁྲིམས་བློ་འདྲི་མཁོ་འདོན་བྱས་པ། རྩོད་གཞི་ཁག་99འདུམ་འགྲིག་བཅས་བྱས་པར་འགལ་ཟླ་གཞི་རིམ་དུ་སེལ་བ་དང་འབྱུང་རྩ་ནས་ཐག་གཅོད་ཏན་ཏིག་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།