དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤོ་བོ་རྫོང་ཁྲིམས་འཛིན་ཅུས་ཀྱིས་དྲ་ཐོག་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་ཐད་གཏོང་བྱེད་སྒོ་ཐོག་མ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-17

    ཉེ་ཆར། སྤོ་བོ་རྫོང་ཁྲིམས་འཛིན་ཅུས་ཀྱིས“ཁྲིམས་སྐྱོང་གི་སྤོ་བོ”ཞེས་པའི་གཞུང་ཕྱོགས་ཀྱི་ཁྱུག་དབྱིངས་ཨང་རྟགས་བརྒྱུད་དྲ་ཐོག་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་ཐད་གཏོང་བྱེད་སྒོ་ཐོག་མ་སྟེ། “ཁྲིམས་སྐྱོང་སྤོ་བོས་འཚོ་བར་བཀྲག་མདངས་སྣོན”ཞེས་པའི་བྱེད་སྒོ་གཉེར་བ་རེད། བྱེད་སྒོ་དེས་མང་ཚོགས་ཀྱི་བཅའ་ཁྲིམས་དགོས་མཁོར་དམིགས་ནས“གྱོད་དཔེ་དབྱེ་ཞིབ་དང་། དུས་ཐོག་མཉམ་འགུལ། ཕན་བདེ་སྤྲོད་པ”བཅས་ཀྱི་རྣམ་པར་བརྟེན་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་དེ“དྲ་ཕྱིར་ཁྱབ་པ”ནས“སྤྲིན་རྩིས་མཉམ་འགུལ”ཕྱོགས་སུ་སྣུར་སྲིང་བྱེད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཚོས་བཅའ་ཁྲིམས་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ཡོད།

    སྤོ་བོ་རྫོང་ཁྲིམས་འཛིན་ཅུས་ཀྱིས་དམངས་འཚོའི་དཀའ་གནད་ལ་དམ་པོར་དམིགས་ནས“མང་ཚོགས་དང་འབྲེལ་བ་ཆེ་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་ནང་དོན་བཏོད་པ་རེད། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ངལ་རྩོལ་ཁེ་དབང་འགན་སྲུང་དང་། ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་སྲུང་སྐྱོང་། གློག་འཕྲིན་ཁ་བསླུས་འགོག་རྒོལ། དམངས་དོན་ཁྲིམས་གཞུང་གི་དོན་དངོས་སོགས་གླེང་མང་བའི་གནད་དོན་ལ་དམིགས་ནས་ས་གནས་དེ་གའི་དཔེ་མཚོན་གྱོད་དཔེ་སྔ་སྣུར་དུ་གསེད་བཀྲོལ་བྱས་ནས“གནས་ཚུལ་སླར་གསོ་དང་དོན་ཚན་གསལ་འགྲེལ”གྱི་བྱེད་སྟངས་བརྒྱུད་ལྐོག་གྱུར་གྱི་བཅའ་ཁྲིམས་དོན་ཚན“ཉེ་འགྲམ་གྱི་དོན་དག”ནས་མཚོན་པར་བྱས་ཡོད།

    ད་ཐེངས་ཀྱི་ཐད་གཏོང་བྱེད་སྒོར“བརྙན་ལམ་ནས་དྲི་བ་འདོན་པ”དང“ཁྲིམས་རྩོད་པས་དྲ་ཐོག་ནས་དོགས་གནད་ལ་ལན་འདེབས་པ”“གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པ”བཅས་མཉམ་འགུལ་ལྷུ་ཚིགས་ཆེན་པོ་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་། ལྟད་མོ་བས་བརྙན་ལམ་བརྒྱུད་བཅའ་ཁྲིམས་ཀྱི་གནད་དོན་ཐད་ཀར་བསྐུར་བ་དང་། ཁྲིམས་རྩོད་པས་གནད་དོན་རེ་རེ་བཞིན་ལ་ལན་འདེབས་ཀྱི་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཐད་གཏོང་བྱེད་རིང་བརྙན་ལམ་གྱི་དྲི་བ་ཁག་30ལྷག་ཙམ་འབྱོར་བ་དང་། ཁྲིམས་རྩོད་པས་ས་ཡུལ་དངོས་སུ་དཔེ་མཚོན་གནད་དོན་ཁག་6ལ་ལན་བཏབ་པ། མཉམ་འགུལ་ནང་ཞུགས་མཁན་མི་ཐེངས་300ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།