ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉི་ཁྲི་སྡེ་ཁུལ་གྱིས་གློག་སྒྲོན་ལས་གྲྭས་དམངས་ཀྱི་སེམས་ཁྲལ་བསལ་བ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་ཉི་ཁྲི་སྡེ་ཁུལ་ཏང་ཨུད་དང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་མཉམ་འབྲེལ་སྐུལ་འདེད་འོག་ཀོང་པོ་དམངས་སྲོལ་ཁྲོམ་གཞུང་གི་གློག་སྒྲོན་ལས་གྲྭ་བདེ་བླག་ངང་ལས་མཇུག་འགྲིལ་ཏེ། ཁོངས་གཏོགས་ཁུལ་གྱི་ཁུལ་ཆུང་དུ་མཚན་དགུང་ལམ་སྒྲོན་མེད་པའི་དཀའ་གནད་ཡོངས་སུ་བསལ་ཡོད།
ཀོང་པོ་དམངས་སྲོལ་ཁྲོམ་གཞུང་ནི་སྒོ་དབྱེ་རྣམ་པའི་སྡེ་ལས་མེད་པའི་ཁྲོམ་ཁུལ་ཞིག་ཡིན་པས་རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་པོ་མེད་པ་དང་དུས་ཡུན་རིང་པོར་ཚད་ལྡན་གྱི་ལམ་སྒྲོན་སྒྲིག་བཀོད་ཆ་ཚང་པོ་མེད་པ་རེད། ཉི་ཁྲི་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་ལྷན་གྱི་ཀྲུའུ་རེན་རྡོ་རྗེ་ཚེ་རིང་གིས་ངོ་སྤྲོད་བྱས་པར། སྡེ་ཁུལ་གྱི་ལས་དོན་པས་དྲ་མིག་སྐོར་ཞིབ་དང་། དེ་བཞིན་ཚོང་དུད་དང་གྲོང་མི་དང་གྲོས་མོལ་བྱེད་སྐབས་མང་ཚོགས་ཀྱིས་ཚུར་སྣང་ཆེན་པོ་བྱེད་པའི་ཁྲོམ་ཁུལ་དུ་ལམ་སྒྲོན་མི་འདང་བའི་གནད་དོན་གྱི་ཐེར་འདོན་ཐེངས་མང་འབྱོར་ཡོད། མུན་ནག་གི་ཁོར་ཡུག་ལས་གྲོང་མི་དང་ཚོང་དུད་ཀྱི་རྒྱུན་གཏན་ཕྱིར་སྐྱོད་དང་གཉེར་སྐྱོང་ཐད་དཀའ་ངལ་མང་པོ་འཕྲད་པ་མ་ཟད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མང་པོ་གནས་པས་སྡེ་ཁུལ་གྱིས་འཕྲལ་དུ་དོན་གནད་དེ་གཙོ་གནད་ཀྱི་དམངས་འཚོའི་དོན་དངོས་སུ་བརྩིས་ཏེ་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད།
མང་ཚོགས་ཀྱི་རེ་ཞུར་ལན་ཧུར་ཐག་བསློགས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཆེད། ཉི་ཁྲི་སྡེ་ཁུལ་ཏང་ཨུད་ཀྱིས་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་དུ་དྲ་མིག་ཅན་གྱི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་ལ་བརྟེན་ནས། འཆར་འགོད་ཇུས་གཞི་དང་ཨར་སྐྲུན་དོན་འཁྱོལ་ལ་སྐུལ་འདེད་ནུས་ལྡན་བཏང་བས་ཟླ་4ཚེས་30ཉིན་ལམ་སྒྲོན་སྒྲིག་སྦྱོར་ཟིན་པ་མ་ཟད། ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་ཏེ་ཁྲོམ་ཁུལ་དུ་མཚན་དགུང་ཁྲ་ཐིང་ངེར་གྱུར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།