འཕྲལ་སྡོམ་འཇོན་ཐང་ཆེ་རུ་བཏང་། བདེ་འཇགས་འགོག་རགས་བརྟན་པོ་བསྐྲུན།

འདི་ནི་ནང་སྦྱོང་བྱ་ཡུལ་ཡིན་པ།
ཉེ་ཆར། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཁུལ་གསུམ་པར་གློག་ཆད་པའི་དོན་རྐྱེན་གྱི་འཕྲལ་སྡོམ་སྲོག་ཉེན་ལས་ཐར་བ་དང་རོགས་སྐྱོབ་དངོས་འཐབ་ནང་སྦྱོང་བྱས་ཤིང་། ད་ཐེངས་ཀྱི་ནང་སྦྱོང་དེར་ས་མཐོ་དང་མཐོ་གྲང་ཁུལ་གྱི་ཕུག་ལམ་ཨར་སྐྲུན་བདེ་འཇགས་ཉེན་ཁའི་ཁྱད་ཆོས་ལ་དམིགས་ཏེ། “གཅིག་གྱུར་བཀོད་འདོམས་དང་། རིམ་དབྱེའི་འགན་འཁུར། དངོས་འཐབ་དང་ཉེ་བཅར”བཅས་ཀྱི་རྩ་དོན་བརྩི་སྲུང་ནན་ཏན་བྱས་ནས། ཉེན་ཆེའི་གནས་ཚུལ་གྱི་སྔོན་བརྡ་དང་། འཕྲལ་སྡོམ་འཕྲིན་གཏོང་། མི་སྣ་ཕྱིར་འཐེན། སྨན་བཅོས་སྐྱོབ་བཅོས། དེ་བཞིན་ས་ཡུལ་དངོས་ཀྱི་སླར་གསོ་བཅས་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།