དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ཧ་སག་སི་ཐན་གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཨ་སི་ཐ་ནར་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-17

    ཚེས་15ཉིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ཧ་སག་སི་ཐན་གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནར་འཚོགས་པ་རེད།

    ཚོགས་ཞུགས་སྐུ་མགྲོན་ཚོས་ངོས་འཛིན་གནང་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་མཚོན་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུས་ལོན་དང་དེང་གི་ཀྲུང་གོ་ཤེས་རྟོགས་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ལ་དབང་གྲགས་ལྡན་པའི་ཀློག་དེབ་ཅིག་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་ནི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་གི་ལམ་རོགས་ཡིན་ཞིང་། རྒྱལ་ཁབ་གཉིས་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ལ་དམིགས་ནས་རྒྱལ་སྲིད་སྐྱོང་ལུགས་ཐད་ཉམས་མྱོང་སྤེལ་རེས་ཧུར་ཐག་བྱེད་པ་དེ་ཀྲུང་ཧའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    ཧ་སག་སི་ཐན་ཙུང་ཐུང་ལས་ཤག་ནང་སྲིད་ཅུས་ཀྱི་ཅུས་ཀྲང་ཡེར་ནུར·པེ་སེན་པ་ཡེ་ཕུའུ་ཡིས་གསུངས་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ནི་ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱེད་པའི་ལམ་ཚད་རྡོ་རིང་གསར་པ་ཞིག་རེད། ཧ་སག་སི་ཐན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ཐད་སྒྱུར་བཅོས་རབ་དང་རིམ་པ་བྱེད་པ་དང་། རང་རྒྱལ་ཁབ་ཀྱི་རྒྱལ་བབ་ལ་གཞི་ཚུགས་ནས་དེང་རབས་ཅན་གང་མགྱོགས་སྐྲུན་བཞིན་ཡོད་པས། དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འཕེལ་རིམ་ཁྲོད་དུ་རྒྱལ་ཁབ་གཉིས་པོར་འདྲ་བའི་ཆ་མང་པོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་དེའི་ནང་འདུས་པའི་བཅོས་སྐྱོང་གི་མཚན་ཉིད་རིག་པ་དང་འཕེལ་རྒྱས་ཀྱི་མཛད་ཇུས་དེ་ཉིད་ཧ་སག་སི་ཐན་ལ་མཚོན་ན་ཧ་ཅང་རྩ་ཆེན་པོ་ཡིན།

    ཧ་སག་སི་ཐན་གྱི་ཙུང་ཐུང་ཀྲུང་དབྱང་འཕྲིན་གཏོང་ཅུས་ཀྱི་ཅུས་ཀྲང་ཨ་སི་ཁར·ཝུའུ་མ་ལུའོ་ཕུའུ་ཡིས་ཤིས་ཚིག་ནང་གསུངས་དོན། འདས་ཟིན་པའི་ལོ་བཅུ་ཕྲག་ནང་དཔལ་འབྱོར་དང་། ཚན་རྩལ། རིག་གནས། ཁྲིམས་སྐྱོང་། ཕྱི་འབྲེལ་སོགས་ཁྱབ་ཁོངས་སུ་ཀྲུང་གོར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཡོད། དེའི་ནང་གི་ཉམས་མྱོང་དག་ནི་ཧ་སག་སི་ཐན་གྱིས་ཞིབ་འཇུག་གཏིང་ཟབ་དང་དཔྱད་གཞིར་འཛིན་རིན་ཡོད་པ་ཤ་སྟག་རེད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ནང་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་འགག་རྩའི་ཁ་ཕྱོགས་མཚོན་པར་བྱས་འདུག ང་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་གཏན་ཚིགས་དང་ཡུན་རིང་གི་དམིགས་ཚད་ཤེས་རྟོགས་གཏིང་ཟབ་ཇི་ཙམ་བྱས་ན། ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་སྤེལ་རེས་དང་མཉམ་ལས་ལ་དེ་ཙམ་གྱིས་ཕན་འབྲས་དངོས་ཐོབ་རྒྱུ་རེད།

    ཧ་སག་སི་ཐན་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀུའུ་ལི་ནར·ཧྲ་དབྱི་མེར་ཀེ་ནུའོ་ཝ་ཡིས་གསུངས་དོན། འཛམ་གླིང་ལ་འགྱུར་ལྡོག་མགྱོགས་པོ་འགྲོ་བཞིན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་དང་རྒྱལ་སྤྱིའི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩའི་སྟོབས་ཤུགས་ཤིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་སྐད་རིགས་མི་འདྲ་བ་བཅུ་གྲངས་ཁ་ཤས་སུ་བསྒྱུར་ཡོད་ལ་འཛམ་གླིང་ས་གནས་ཁག་ཏུ་དོ་ཁུར་ཡང་ཆེན་པོ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་པ་དང་དགོངས་ཚུལ་གྱིས་གོ་ལ་ཧྲིལ་པོའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་འཛམ་གླིང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    བྱེད་སྒོ་སྤེལ་རིང་ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་གྱི་སྐུ་མགྲོན་ལ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་ཧ་སག་སི་ཐན་གྱི་ཡི་གེའི་པར་གཞི་དང་དེབ་ལྔ་པའི་ཨུ་རུ་སུའི་ཡི་གེའི་པར་གཞིའི་དཔེ་དེབ་སྤྲད་པ་རེད། ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་རིག་མཛོད་དང་། ཁེ་ལས། མཐོ་སློབ་བཅས་ཀྱི་འཐུས་མིས་དངོས་སྒྲུབ་མཉམ་ལས་བྱས་ནས་ས་གནས་དེ་གའི་མི་སེར་ལ་ཕན་པ་བཏགས་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་ཀྲུང་ཧའི་ལས་དབང་གཅིག་མཐུན་ཚོགས་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་བགྲོ་གླེང་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས། ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་སྐུ་མགྲོན་དང་དེ་བཞིན་དཔེ་སྐྲུན་དང་། སྨྱན་སྦྱོར། རིག་མཛོད། མཐོ་སློབ། ཁེ་ལས་སོགས་ལས་རིགས་ཁག་གི་འཐུས་མི་200ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།